མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་བདུན་ཚོགས་པས་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱབ་ཏེ་ལས་ཞུགས་དང་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པུའུ་ལུའུ་སེའར་དུ་འཚོགས་པའི་རྒྱལ་ཁབ་བདུན་ཚོགས་པའི་འགོ་གཙོའི་གྲོས་ཚོགས་སྤྱི་ཚེས་ལྔ་ཉིན་མཇུག་སྒྲིལ་ཡོད། གྲོས་འཚོགས་མཇུག་སྒྲིལ་རྗེས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ནང་། རྒྱལ་ཁབ་བདུན་ཚོགས་པས་འཛམ་གླིང་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་བྱ་ཐབས་སྔར་ལས་ལྷག་པ་འཛིན་རྒྱུ་ཡིན་པས། འགག་རྩ་ནི་ལས་ཞུགས་དང་རྒྱན་མཐུད་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཞེས་བསྟན་པ་དང་།

གསལ་བསྒྲགས་ནང་། ཉོ་ཚོང་གནད་དོན་ཐད། རྒྱལ་ཁབ་བདུན་ཚོགས་པས་ཁྲོམ་ར་སྒོ་མོ་ཕྱེ་རྒྱུ་རྒྱུན་འཁྱོངས་དང་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ལངས་ཕྱོགས་བསྐྱར་བཤད་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

ད་ལོའི་སྤྱི་ཟླ་གསུམ་པར། ཨ་རིས་སྣེ་ཁྲིད་པ་དང་། རྒྱལ་ཁབ་བདུན་ཚོགས་པས་ཧེ་ལན་གྱི་ཧའེ་ཡར་དམིགས་བསལ་གྱི་གྲོས་ཚོགས་འཚོགས་ནས། མཉམ་འབྲེལ་ཐོག་སྤྱི་ཟླ་དྲུག་པར་ཨུ་རུ་སུའི་སོ་ཆིར་རྒྱལ་ཁབ་བརྒྱད་ཀྱི་འགོ་གཙོའི་གྲོས་ཚོགས་འཚོགས་རྒྱུར་འགྱུར་བ་བཏང་ནས་པུའུ་ལུའུ་སེའར་དུ་རྒྱལ་ཁབ་བདུན་ཚོགས་པའི་འགོ་གཙོའི་གྲོས་ཚོགས་འཚོགས་རྒྱུར་གཏན་འཁེལ་བྱས་ཡོད་པ་རེད། ཐེངས་འདིའི་རྒྱལ་ཁབ་བདུན་ཚོགས་པའི་འགོ་གཙོའི་གྲོས་ཚོགས་སྤྱི་ཚེས་བཞི་ཉིན་གྱི་དགོང་མོ་པུའུ་ལུའུ་སེའར་འགོ་ཚུགས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག