མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུ་ཀ་ནི་སི་ཐན་དུ་ཙུང་ཐུང་འོས་མིར་དམིགས་པ་འདྲ་བའི་འབར་གས་འཇབ་རྒོལ་དོན་རྐྱེན་གཉིས་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས6ཉིན་གྱི་ཉིན་དགུང་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་ཙུང་ཐུང་འོས་མི་ཨབ་ཏུ་ལ་ཨ་པུ་ཏུ་ལར་དམིགས་པ་འདྲ་བའི་འབར་གས་འཇབ་རྒོལ་དོན་རྐྱེན་གཉིས་བསྟུད་མར་ཐོན་པ་དང་། ཉུང་མཐར་ཡང་མི་བཞི་རྐྱེན་ལམ་དུ་ཤོར་ཡོད། ཨབ་ཏུ་ལ་རང་ཉིད་འཇབ་རྒོལ་ནང་རྨས་སྐྱོན་ཕོག་མེད་པ་རེད།

མིག་སྔར་ངོ་རྒོལ་ཏང་གི་འགོ་འཛིན་ཨབ་ཏུ་ལ་དང་ནོར་སྲིད་པུའུ་ཀྲང་ཟུར་པ་ཨ་ཧྲི་ལ་ཧྥུ་ཅ་ཉིས་སྤྱི་ཚེས14ཉིན་བྱེད་རྒྱུའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་འདེམས་བསྐོའི་རེས་འཁོར་གཉིས་པའི་འདེམས་ཤོག་དབྱུག་རྒྱུར་འགྲན་འདེམས་བྱེད་སྒོ་གཉེར་བཞིན་ཡོད། འདེམས་བསྐོའི་སྒྲིག་སྲོལ་ལ་གཞིགས་ན། རེས་འཁོར་གཉིས་པའི་འདེམས་ཤོག་དབྱུག་པའི་ཁྲོད་འདེམས་ཤོག་ཐོབ་མང་བ་དེ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ལ་འདེམས་རྒྱུ་ཡིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག