མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་ལན་གྱིས་ཡུལ་སྐོར་ཁུལ་མང་པོ་ཞིག་ལ་མཚན་འགྲུལ་བཀག་སྡོམ་བྱེད་མཚམས་བཞག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-07 10:30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་ལན་རྒྱལ་ཡོངས་ཞི་བདེའི་སྒྲིག་ལམ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས6ཉིན། ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆུང་དུ་གཏོང་ཆེད། ཧྭ་ཤིན་སོགས་ཡུལ་སྐོར་བ་ཕེབས་མང་བའི་ཁུལ་བཞིར་མཚན་འགྲུལ་བཀག་སྡོམ་བྱེད་མཚམས་འཇོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ཐེ་ལན་སྐམ་དམག་ཡུལ་སྐོར་གཞུང་ལས་ཁང་གིས་ཀྱང་ཉིན་དེ་གར་བྱ་ཐབས་བཟུང་ནས་ཡུལ་སྐོར་བ་ཡིད་འགུག་བྱས་ཏེ་ཡུལ་སྐོར་ལས་རིགས་བསྐྱར་དུ་གོང་འཕེལ་ཡོང་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ས་གནས་དེ་གའི་གསར་འགྱུར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དམག་དོན་སྲིད་འགྱུར་དང་མཚན་འགྲུལ་བཀག་སྡོམ་བྱས་པའི་རྐྱེན་གྱིས་ད་ལོའི་སྤྱི་ཟླ5པར་ཐེ་ལན་དུ་ཡུལ་སྐོར་དུ་སྐྱོད་མཁན་གྱི་ཕྱི་རྒྱལ་སྐུ་མགྲོན་ཉུང་དུ་ཤུགས་ཆེན་ཕྱིན་པ་དང་། ན་ནིང་དུས་མཚུངས་དང་བསྡུར་ན་བརྒྱ་ཆ10ཡན་ཆག་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོ་ལོ་ཧྲིལ་པོའི་ཡུལ་སྐོར་བའི་སྤྱི་འབོར་ཡང་དེ་སྔོན་གྱི་མིའི་ཐེངས་གྲངས་བྱེ་བ་༢དང་ས་ཡ་༨ནས་མིའི་ཐེངས་གྲངས་བྱེ་བ2དང་ས་ཡ5དང9འབུམ་བར་ཆག་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག