མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལ་ཕུའུ་ལུའོ་ཕུས་ཨུ་རུ་སུ་དང་ཀྲུང་གོའི་རོགས་ལས་དེ་ནི་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་ཕན་ཐོགས་ཡོད་ཅེས་གསུང་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-06 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་དཔོན་ལ་ཕུའུ་ལུའོ་ཕུས་སྤྱི་ཚེས་4ཉིན་སྤྱིའི་ཆ་ནས་བལྟས་ཚེ་ཨུ་རུ་སུ་དང་ཀྲུང་གོའི་རོགས་ལས་ནི་རྒྱལ་སྤྱིའི་ཆབ་སྲིད་ཁྲོད་དུ་རྒྱུ་རྐྱེན་གལ་ཆེན་ལྡན་ཡོད་པ་དང་དེ་ནི་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་ཕན་ཐོགས་ཡོད་ཅེས་གསུང་པ་རེད།

ལ་ཕུའུ་ལུའོ་ཕུས་ཉིན་དེར་ཨུ་རུ་སུའི་རྒྱལ་སྤྱིའི་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་གཏམ་བཤད་སྤེལ་སྐབས་ད་དུང་ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཡུན་རིང་མ་སོང་གོང་ཀྲུང་གོར་འཚམས་འདྲི་གནང་བར་ཐོབ་པའི་གྲུབ་འབྲས་ནི་ཨུ་རུ་སུས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་གཞི་གཅིག་ཅན་དུ་འགྱུར་བ་གཏིང་གཟབ་ཏུ་གཏོང་རྒྱུ་ཐད་ལ་འགག་གཏོར་གལ་ཆེན་ལྡན་པ་དེ་ཡིན་ཞེས་དང་། ཁོང་གིས་ཨུ་རུ་སུ་དེ་ཕྱོགས་གང་ཞིག་གིས་ཐད་ནས་བལྟས་ཀྱང་ཚང་མ་སྔར་བཞིན་འཛམ་གླིང་ཧྲིལ་པོའི་གལ་ཆེའི་རྒྱལ་ཁབ་ཞིག་ཡིན་པས་མུ་མཐུད་དུ་གསོན་ཤུགས་ལྡན་པའི་ཕྱོགས་ཡོངས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞེས་དང་། ཁོང་གིས། ལོ་རྒྱུས་ལས་གྲུབ་པའི་ནུབ་ཕྱོགས་ཕྱོགས་ལྷུང་ཡོ་བསྲང་བྱེད་རྒྱུ་དེ་ནི་དོན་དངོས་ཀྱི་ལས་འགན་ཞིག་ཡིན་པས་ལས་འགན་དེ་ཐག་གཅོད་བྱེད་པར་ནུབ་ཕྱོགས་ཀྱི་ཕྱོགས་དང་མཉམ་ལས་བྱེད་རྒྱུ་ཉུང་འཕྲི་བྱེད་པ་དང་དེ་མིན་ས་ཁུལ་གསབ་སྣོན་བྱས་པ་བརྒྱུད་རྒྱུ་ཡིན་པས་སྔོན་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མཉམ་ལས་ལ་བརྟེན་ནས་ཐག་གཅོད་བྱེད་རྒྱུ་ཡིན། ཨུ་རུ་སུ་དང་རྒྱ་གར། ཀྲུང་གོ་བཅས་ཕྱོགས་གསུམ་སྒྲོམ་གཞིའི་ནང་གི་རོགས་ལས་དེ་ནི་དེའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་ཅེས་གསུང་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག