མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ནས་སི་རི་ཡའི་འདེམས་བསྐོ་ཆེན་མོ་ཁས་ལེན་མི་བྱེད་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-06 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་3ཉིན། སི་རི་ཡའི་འདེམས་བསྐོ་ཆེན་མོའི་འདེམ་ཤོག་འཕེན་པའི་ལས་ཀ་དངོས་སུ་འགོ་ཚུགས་པ་དང་། ད་ལྟའི་ཙུང་ཐུང་པ་ཧྲར་དང་། དེ་སྔའི་སྲིད་གཞུང་གི་པུའུ་ཀྲང་ནོ་ལི་དང་གྲོས་མི་ཧ་ཇར་བཅས་གསུམ་ཙུང་ཐུང་འགྲན་འདེམས་ནང་ཞུགས་རྒྱུ་རེད། སྨྱན་སྦྱོར་ལས་རིགས་ནས་པ་ཧྲར་ལ་བཟང་ཆ་ཆེན་པོ་ཡོད་པའི་ཐོག་ནས་ཙུང་ཐུང་འགན་ཡུན་གསུམ་པའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད། འོན་ཀྱང་ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། སྤྱི་ཚེས་༣ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་ལ་སི་མུ་སན་གྱིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་28ནང་སི་རི་ཡའི་འདེམས་བསྐོ་ཆེན་མོའི་མཇུག་འབྲས་ཁས་ལེན་བྱེད་མཁན་ཅིག་ཀྱང་མེད་ཅིང་། སི་རི་ཡའི་འདེམས་བསྐོ་ཆེན་མོ་ནི་དགོད་བྲོ་བའི་བྱ་བ་ཞིག་རེད་ཅེས་གསུངས་ཡོད་པ་རེད། སི་རི་ཡའི་མངའ་ཁོངས་ཕྱི་རོལ་གྱི་ངོ་རྒོལ་ཤོག་ཁག་ཆེ་ཤོས་རྒྱལ་ཡོངས་མནའ་འབྲེལ་གྱིས་ད་དུང་འདེམས་དམངས་རྣམས་འདེམས་བསྐོ་ཆེན་མོའི་ནང་མི་ཞུགས་རྒྱུའི་འབོད་སྐུལ་བྱས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག