མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོས་དབྱི་རན་གྱིས་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཉིང་རྡུལ་གནད་དོན་ཐག་གཅོད་རྒྱུའི་ཐད་ལ་ཁས་ལེན་གང་ལེགས་བྱས་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ཡེ་ན་མཉམ་འབྲེལ་རྒྱལ་ཚོགས་དང་དེ་མིན་རྒྱལ་སྤྱིའི་སྒྲིག་འཛུགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཁྲེང་ཅིང་ཡས་སྤྱི་ཚེས་4ཉིན་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་སྒྲིག་གཞི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུ་ཉེ་དུས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་དང་དབྱི་རན་མཉམ་ལས་ཀྱི་གནས་བབ་དགེ་མཚན་བཟང་པོ་ཐོན་ཡོད་པས་ཀྲུང་གོའི་ཕྱོགས་ནས་དབྱི་རན་ཕྱོགས་ཀྱིས་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐད་ལ་འབད་བརྩོན་བྱས་པར་བསྔགས་བརྗོད་བྱེད་རྒྱུ་ཡིན་ཞེས་གསུང་པ་རེད།

ཁྲེང་ཅིང་ཡས་རྒྱལ་ཁབ་དྲུག་དང་དབྱི་རན་གྱི་གྲོས་མོལ་དེ་གཏིང་ཟབ་ཏུ་སྤེལ་རྒྱུའི་ནང་དུ་སླེབས་ཟིན་པ་དང་སྐོང་འཚོགས་བྱས་པའི་རེས་སྐོར་བཞི་པའི་ཁྱོན་ཡོངས་གྲོས་ཆོད་གྲོས་མོལ་ལ་བལྟས་ཚེ་ཕྱོགས་ཁག་ཚང་མས་གང་མགྱོགས་གྲོས་ཆོད་འཇོག་རྒྱུའི་ཆབ་སྲིད་ཀྱི་འདོད་འདུན་མཚོན་པར་བྱས་ཡོད། འོན་ཀྱང་དབྱི་རན་གནད་དོན་གྱི་ཚོར་སྣང་རྙོག་འཛིང་ཆེ་བ་དང་གྲོས་མོལ་བྱེད་རྒྱུར་འགལ་ཟླ་དང་དཀའ་ངལ་འཕྲད་སྲིད་པ་གཡོལ་ཐབས་མེད། འོན་ཀྱང་ཀྲུང་གོའི་ཕྱོགས་ནས་ཕྱོགས་ཁག་གིས་དཔོག་ཤེས་དངོས་དོན་གྱི་རྣམ་པ་བཟུང་བ་དང་ཕན་ཚུན་དོ་ཁུར་གཟིགས་སྐྱོང་། གོམ་སྟབས་དབྱེ་ནས་རྩ་དོན་གཏད་བཟུང་རྒྱུན་འཁྱོངས་བཅས་བྱས་ཚེ་གཉིས་ཕན་གཉིས་རྒྱལ་གྱི་ཐག་གཅོད་བྱེད་པའི་བྱེད་ཐབས་རྙེད་རྒྱུར་ཡིད་ཆེས་ཡོད་ཅེས་གསུང་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག