མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ས་ཏེས་སི་རི་ཡི་ཙུང་ཐུང་གི་འགན་གནས་བསྟུད་མར་འཛིན་རྒྱུ་ཡིན་པ།

རྩོམ་པ་པོ། ཟླ་བ་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-06 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་མི་དམངས་གྲོས་ཚོས་ཁང་གི་གྲོས་དཔོན་ལ་ཧ་མུའུ་ཡིས་སྤྱི་ཚེས་4ཉིན་ད་ཆ་འགན་གནས་འཁུར་བཞིན་པའི་ཙུང་ཐུང་ཨ་ས་ཏེ་སྤྱི་ཚེས་༣ཉིན་སྐོང་འཚོགས་བྱས་པའི་ཙུང་ཐུང་འདེམས་སྐོའི་ཁྲོད་དུ་རྒྱལ་ཁ་ཐོབ་ནས་འགན་གནས་བསྟུད་མར་འཛིན་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

སི་རི་ཡའི་གྲོས་ཚོགས་ཀྱི་སྤྱི་ཚེས་2ཉིན་རྩ་ཁྲིམས་གསར་པ་བརྒྱུད་པར་གཞིགས་ན། ཙུང་ཐུང་འདེམས་དམངས་ནས་ཐད་ཀར་འདེམས་ཐོན་བྱས་ཆོག་པ་དང་འགན་ཡུན་འཁུར་ཡུན་ལོ་༧ཡིན་པ་དང་འགན་གནས་བསྟུད་མར་ཐེངས་གཅིག་འཛིན་ཆོག་ཡོད་པ་རེད། ཙུང་ཐུང་གི་འོས་མིར་འདེམས་དམངས་མང་ཆེ་བའི་འདེམས་ཤོག་ཐོབ་ན་གཞི་ནས་བདམས་ཐོན་ཐུབ་རྒྱུ་ཡིན་པ་རེད། ད་ཐེངས་ཀྱི་འདེམས་བསྐོ་ཆེན་མོའི་འདེམས་ཤོག་མངའ་ཁོངས་ཕྱི་ནང་གཉིས་ཀྱི་དུས་རིམ་ལ་དབྱེ་ནས་འཕེན་རྒྱུ་དང་མངའ་ཁོངས་ཕྱིའི་འདེམས་ཤོག་དེ་སྤྱི་ཟླ་5པའི་ཚེས་28ཉིན་འགོ་ཚུགས་པ་དང་མངའ་ཁོངས་ནང་གི་འདེམས་ཤོག་འཕེན་པ་དེ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་3ཉིན་གྱི་ཆུ་ཚོད་བདུན་པར་འགོ་ཚུགས་ཡོད། དེ་རྗེས་ཆེས་མཐོའི་འདེམས་བསྐོ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འདེམས་ཤོག་འཕེན་པའི་དུས་ཚོད་ནར་འགྱངས་ཆུ་ཚོད་ལྔ་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་4ཉིན་གྱི་ཐོ་རེངས་མཇུག་སྒྲིལ་རྒྱུ་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག