མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱིས་གང་མགྱོགས་སྒོས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་རྩ་འཛུགས་ཀྱིས་ཚེས་བཞི་ཉིན་པུའུ་ལུའུ་སེར་དུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་ཨ་ཧྥུའུ་ཧན་དུ་སྡོད་པའི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་གྲོས་ཚོགས་བསྡུས་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལཱ་སི་མུའུ་སིན་གྱིས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱིས་གང་མགྱོགས་སྒོས་ཕྱོགས་གཉིས་ཀྱི་བདེ་འཇགས་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་རྒྱལ་སྲུང་བློན་ཆེན་དང་དེ་མིན་ཨ་ཧྥུའུ་ཧན་གྱི་འགུལ་སྐྱོད་ལ་ཞུགས་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མ་ཡིན་པའི་རྒྱལ་ཁབ་དག་གི་འཐུས་མི་གྲོས་ཚོགས་ལ་ཞུགས། ལཱ་སི་མུའུ་སིན་གྱིས་ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱིས་མྱུར་དུ་བདེ་འཇགས་གྲོས་མཐུན་བཀོད་དེ། བྱང་ཆིངས་རྩ་འཛུགས་ཀྱི་ཨ་ཧྥུའུ་ཧན་འགན་ནུས་བསྒྱུར་བའི་ཐད་མཁོ་བའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་སི་མུའུ་སིན་གྱིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཨ་ཧྥུའུ་ཧན་གྱི་འཐབ་འཛིང་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་འགོག་སྲུང་བྱ་བའི་ལས་འགན་བརྒྱུད་སྤྲོད་བྱས་ཏེ། གསོ་སྦྱོང་དང་མཛུབ་སྟོན། རོགས་སྐྱོར་བཅས་བྱེད་རྒྱུ་ཡིན་ལ། བྱང་ཆིངས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་གསོ་སྦྱོང་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་བར་ཡུན་རིང་གྲོགས་པོའི་འབྲེལ་བ་འཛུགས་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག