མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཚོགས་མགོ་བརྩམས་པ་དང་ཝུའུ་ཁི་ལན་གྱི་གནད་དོན་དེ་གྲོས་གཞི་གཙོ་བོ་ཡིན།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-05 11:02

七国集团峰会开幕1.jpg

ཟླ་དྲུག་པའི་ཚེས་བཞི་ཉིན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚོགས་རའི་སྒོ་ཁ་ནས་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་དགའ་བསུ་ཞུ་བཞིན་པ།

七国集团峰会开幕 2.jpg

ཟླ་དྲུག་པའི་ཚེས་བཞི་ཉིན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚོགས་རའི་སྒོ་ཁ་ནས་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་དགའ་བསུ་ཞུ་བཞིན་པ།

七国集团峰会开幕 3.jpg

ཟླ་དྲུག་པའི་ཚེས་བཞི་ཉིན། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་བྱ་བའི་དགོང་ཚིགས་གསོལ་སྟོན་ལ་ཞུགས།

七国集团峰会开幕 4.jpg

ཟླ་དྲུག་པའི་ཚེས་བཞི་ཉིན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚོགས་རའི་སྒོ་ཁ་ནས་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་ལ་དགའ་བསུ་ཞུ་བཞིན་པ།

七国集团峰会开幕5.jpg

ཟླ་དྲུག་པའི་ཚེས་བཞི་ཉིན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་ཡིས་ཚོགས་རའི་སྒོ་ཁ་ནས་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ལ་དགའ་བསུ་ཞུ་བཞིན་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མགོ་འཛིན་བྱས་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་དེ་ཚེས་བཞི་ཉིན་གྱི་དགོང་མོར་པུའུ་ལུའུ་སེར་ནས་ཚོགས་མགོ་བརྩམས། ཝུའུ་ཁི་ལན་གྱི་གནད་དོན་དེ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོར་གྱུར་ཡོད།

    ཚེས་བཞི་ཉིན་གྱི་དགོང་མོར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་བྱ་བའི་དགོང་ཚིགས་གསོལ་སྟོན་སྤེལ། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་ཉིན་དེའི་ཕྱི་དྲོར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པཱ་ལོ་ཙོ་དང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས་བསྟན་དོན། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་བྱ་བའི་དགོང་ཚིགས་གསོལ་སྟོན་སྟེང་གཙོ་བོ་གནས་བབ་ཛ་དྲག་ཡིན་པའི་ཝུའུ་ཁི་ལན་གྱི་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

    ཧྥན་ལུང་ཕའེ་ཡིས་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་ཇུས་གཞི་གལ་ཆེན་བཏོན་པ་དང་། དེའི་ནང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་གནས་བབ་ཞི་འཇགས་སུ་གཏོང་བའི་གྲོས་རིམ་འདུས་པར་མ་ཟད། ཝུའུ་ཁི་ལན་རྒྱལ་ནང་གི་གནས་བབ་བརྟན་འཇགས་ལ་ཡར་སྐུལ་བྱེད་པར་དཔལ་འབྱོར་དང་ནོར་སྲིད། ཆབ་སྲིད་བཅས་ཐད་ནས་རྒྱབ་སྐྱོར་བྱེད་པའི་འཆར་གཞི་སོགས་འདུས་ཡོད་ཟེར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་མཉམ་ལས་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་ནས་དྲག་ཆས་མི་སྣ་ཕྱིར་འཐེན་བྱེད་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་པར་གནོན་ཤུགས་བྱིན་ཏེ་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག