མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་ནུས་ཁུངས་ལས་ཁུངས་ཀྱི་སྙན་ཞུ་ལས་མ་འོངས་པའི་ལོ་ངོ་ཉི་ཤུའི་ནང་འཛམ་གླིང་ཡོངས་ཀྱིས་ནུས་ཁུངས་ཐད་མེ་སྒོར་ཁྲག་ཁྲིག་ཆེན་མོ་བཞི་དང་ཁྲག་ཁྲིག་བརྒྱད་གཏོང་དགོས་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-04 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་ནུས་ཁུངས་ལས་ཁུངས་ཀྱིས་ཚེས་གསུམ་ཉིན་ལོན་ཏོན་ནས་སྙན་ཞུ་སྤེལ་ཏེ། ཉིས་སྟོང་སོ་ལྔ་ལོའི་བར། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་དངུལ་གཏོང་དེ་མེ་སྒོར་ཁྲག་ཁྲིག་ཆེན་མོ་བཞི་དང་ཁྲག་ཁྲིག་བརྒྱད་ལ་བསླེབ་ན་ད་གཟོད་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་དགོས་མཁོ་བསྐང་ཐུབ་ཟེར། མ་འོངས་པར་གཏོང་དགོས་པའི་མེ་སྒོར་ཁྲག་ཁྲིག་ཆེན་མོ་བཞི་དང་ཁྲག་ཁྲིག་བརྒྱད་ཀྱི་མ་དངུལ་ཁྲོད་མེ་སྒོར་ཁྲག་ཁྲིག་ཆེན་མོ་བཞི་ནི་ནུས་ཁུངས་མཁོ་འདོན་ཁྱབ་ཁོངས་ཀྱི་དངུལ་གཏོང་ཡིན་པ་དང་། དེའི་འཕྲོ་མ་ནི་ནུས་ཁུངས་ཀྱི་ཕན་ནུས་ཇེ་མཐོར་གཏོང་བའི་ཐད་ཀྱི་དངུལ་གཏོང་ཡིན་ཟེར།

སྙན་ཞུ་ལས་བཤད་རྒྱུར། མིག་སྔར་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་སྐྱེ་དངོས་འབར་རྫས། ཉིང་རྡུལ་ནུས་བ་བཅས་ཐད་ཀྱི་དངུལ་གཏོང་གིས་ནུས་ཁུངས་མཁོ་འདོན་གྱི་ལོ་ཧྲིལ་བོའི་དངུལ་གཏོང་སྤྱི་གྲངས་ཀྱི་བརྒྱ་ཆའི་བཅོ་ལྔ་ཟིན་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་ནུས་ཁུངས་མཁོ་འདོན་ཁྱབ་ཁོངས་ཀྱི་དངུལ་གཏོང་མང་ཤོས་སྔར་བཞིན་རྡོ་སྣུམ་གྱི་སྔོག་འདོན་དང་སྐྱེལ་འདྲེན། བཙོ་སྦྱངས། རྡོ་སྣུམ་འབར་རྫས་བཀོལ་བའི་གློག་འདོན་བཟོ་གྲྭ་གསར་འཛུགས་བྱེད་པ་སོགས་ལ་འབྲེལ་བ་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག