མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིང་སྒྲིག་འཛུགས་ཀྱི་རྒྱལ་སྲུང་པུའུ་ཀྲང་གི་གྲོས་ཚོགས་ཀྱིས་མཉམ་སྡེབ་འགོག་སྲུང་དང་དམག་གྲབས་མཐོ་རུ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་དོ་ཁུར་བྱས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-06-04 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིང་སྒྲིག་འཛུགས་ཀྱིས་སྤྱི་ཚེས་3ཉིན་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གི་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་རྒྱལ་ཁབ་ཁག་གི་རྒྱལ་སྲུང་པུའུ་ཀྲང་གིས་བྱང་ཆིང་གི་མཉམ་སྡེབ་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རྣམ་པ་བསྟན་པ་མ་ཟད་བྱང་ཆིང་སྒྲིག་འཛུགས་ཀྱི་དམག་གྲབས་བྱ་སྤྱོད་འཆར་གཞི་གསར་པ་ཞེས་པ་བཟོས་ནས་དྲ་སྦྲེལ་འགོག་སྲུང་ཆེ་རུ་གཏོང་རྒྱུའི་བརྗོད་གཞིར་གྲོས་སྡུར་བྱས་པ་རེད།

སྤྱི་བསྒྲགས་ནང་། བྱང་ཆིང་སྒྲིག་འཛུགས་ཀྱི་དྲུང་ཆེ་ལ་སིན་མུ་སིན་གྱིས་ཨ་རིའི་ཙུང་ཐུང་ཨའོ་པ་མས་ཕོ་ལན་དུ་ཡོ་རོབ་གླིང་དུ་དམག་དོན་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྩིས་ཡོད་པ་ཁྱབ་བསྒྲགས་གནང་བར་བསྔགས་བརྗོད་གནང་ཡོད་པ་མ་ཟད་ཨ་སྒོར་དུང་ཕྱུར་༡༠ཟིན་པའི་འཆར་གཞི་དེས་བྱང་ཆིང་སྒྲིག་འཛུགས་ཀྱི་མཉམ་སྡེབ་འགོག་སྲུང་དང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་གནང་འདུག

ཁོང་གིས་ད་དུང་ཏེན་དམག་དང་འཇར་མན། ཕོ་ལན་བཅས་རྒྱལ་ཁབ་གསུམ་གྱིས་ཀྱང་སྤྱི་ཁྱབ་པུའུ་ཕོ་ལན་གྱི་གྲོང་ཁྱེར་ཧྲེ་ཆེ་གུར་བཙུགས་པའི་བྱང་ཆིང་སྒྲིག་འཛུགས་ཀྱི་བྱང་ཤར་རྒྱལ་ཁབ་མང་པོའི་དམག་དཔུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་དེས་བྱང་ཆིང་གིས་ས་ཁུལ་གྱི་འཇིགས་སྣང་དང་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་འགྲོ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག