མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨེ་ཅིབ་སྲིད་གཞུང་གིས་དུས་ཡུན་རིང་བོའི་བདེ་འཇགས་དང་བརྟན་འཇགས་ལ་ཡར་སྐུལ་བྱེད་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-04 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨེ་ཅིབ་རྒྱལ་ཁབ་ཀྱིས་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱེད་པར་དོ་སྣང་བྱེད་པའི་ཚུལ་བསྟན་པ་དང་། ཞོར་དུ་ཨེ་ཅིབ་སྲིད་གཞུང་གིས་ཨེ་ཅིབ་ཀྱི་དུས་ཡུན་རིང་བོའི་བདེ་འཇགས་དང་བརྟན་འཇགས་ལ་ཡར་སྐུལ་བྱེད་དགོས་པའི་སྐུལ་མ་བཏང་།

གསལ་སྒྲོག་ནང་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཨེ་ཅིབ་ཀྱི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་སྤེལ་བའི་ཨེ་ཅིབ་ཀྱི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་དངོས་སུ་ཁྱབ་སྒྲོག་བྱས་པར་དོ་སྣང་བྱེད་བཞིན་ཡོད་ལ། ཨེ་ཅིབ་ཀྱི་གསར་དུ་བདམས་པའི་ཙུང་ཐུང་གིས་ནུས་ཤུགས་ཡོད་དགུས་ཨེ་ཅིབ་མི་དམངས་ཀྱི་རྒྱལ་ཁབ་བརྟན་འཇགས་དང་དམངས་གཙོ། དར་རྒྱས་བཅས་ཐད་ཀྱི་རེ་འདོད་ལ་རྒྱབ་སྐྱོར་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཕན་ཅི་ཝུན་གྱིས་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་དུ་ཨེ་ཅིབ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨེ་ཅིབ་ཀྱི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། སྔོན་ཆད་ཀྱི་དམག་ཕྱོགས་ཀྱི་མགོ་ཁྲིད་པ་སའེ་ཞི་ལ་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་དགུ་གཅིག་གི་འདེམ་ཤོག་ཐོབ་སྟེ་ཁོའི་འགྲན་ཡ་གཡོན་ཕྱོགས་ཀྱི་ཆབ་སྲིད་པ་སཱ་པཱ་ཞི་ལ་རྣམ་པར་རྒྱལ་ནས་ཙུང་ཐུང་ལ་བདམས་ཐུབ་པ་བྱུང་ཟེར།

དུས་ཡུན་ཉིན་གསུམ་ཡིན་པའི་ཨེ་ཅིབ་ཀྱི་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་དགུའི་སྟེང་མཇུག་སྒྲིལ་བ་དང་། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ནི་ན་ནིང་ཟླ་བདུན་པར་མུའུ་ཨར་ཞི་ཡི་ཙུང་ཐུང་ལས་འགན་བླངས་རྗེས་ཨེ་ཅིབ་ཀྱིས་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ཐོག་མ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག