མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་དངུལ་ཁང་གི་མགོ་བས་མུ་མཐུད་དུ་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-03 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་དངུལ་ཁང་གི་མགོ་བ་ཅིན་ཡུང་གིས་ཚེས་གཉིས་ཉིན་གྱི་དགོང་མོར་ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས་ནན་གྱིས་བསྟན་དོན། འཛམ་གླིང་དངུལ་ཁང་གིས་མུ་མཐུད་དུ་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཅིན་ཡུང་ཉིན་དེར་སོ་ཏི་ཨ་རབ་རྒྱལ་ཁབ་ནས་པེ་རུ་ཐི་རུ་འབྱོར་ཏེ་ལེ་པཱ་ནུན་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། ཁོས་གནམ་གྲུ་ཐང་ནས་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། ལེ་པཱ་ནུན་མིག་སྔར་དཀའ་སྡུག་གི་གནས་སུ་ལྷུང་ཡོད་པ་དང་། འཛམ་གླིང་དངུལ་ཁང་གི་འཐུབ་ཚབ་ཚོགས་པའི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱེད་པའི་ཆེད་དུ་ཡིན་ཟེར། ཁོས་ལེ་པཱ་ནུན་གྱིས་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱས་པར་བཀའ་དྲིན་ཞུས།

ཅིན་ཡུང་གིས་བསྟན་དོན། བསྟུད་མར་ལོ་ངོ་གསུམ་ལྷག་འགོར་བའི་སི་རི་ཡཱའི་ཉམས་ཉེན་གྱིས་ལེ་པཱ་ནུན་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས། ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་སི་རི་ཡཱའི་ཉམས་ཉེན་བྱུང་བ་ནས་ཉིས་སྟོང་བཅུ་གསུམ་ལོའི་དབྱར་ཁའི་བར། ཉམས་ཉེན་དེ་ལས་ལེ་པཱ་ནུན་ལ་མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་ཡི་གྱོང་རེག་ཏུ་བཅུག་ཡོད་ཟེར།

ལེ་པཱ་ནུན་གྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་ཧཱ་ཅི་མུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཅིན་ཡུང་གིས་ཐེངས་འདིར་ལེ་པཱ་ནུན་ལ་འཚམས་འདྲི་བྱེད་པར་དམིགས་ཡུལ་གཉིས་ཡོད་དེ། གཅིག་ནས་ལེ་པཱ་ནུན་གྱི་མགོ་ཁྲིད་པ་དང་མཉམ་དུ་སི་རི་ཡཱའི་ཡུལ་གྱར་བས་ལེ་པཱ་ནུན་ལ་བཟོས་པའི་གནོན་ཤུགས་དང་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། གཉིས་ནས་ལེ་པཱ་ནུན་ཕྱོགས་དང་མཉམ་དུ་ནུས་ཁུངས་མཉམ་འབྲེལ་གསར་སྤེལ་འཆར་གཞི་གཏན་འབེབས་བྱེད་རྒྱུ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཚན་ཆུང་གི་སྐུལ་འདེད་འོག འཛམ་གླིང་དངུལ་ཁང་གིས་ཅང་མ་འགོར་བའི་སྔོན་ལེ་པཱ་ནུན་ལ་རོགས་སྐྱོར་བྱེད་པའི་ཐེབས་རྩ་ཚོགས་པ་བཙུགས་ཏེ། ལེ་པཱ་ནུན་གྱིས་སི་རི་ཡཱའི་ཡུལ་གྱར་བར་རོགས་རམ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག