མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་གིས་ཞི་བའི་ཐབས་ལ་བརྟེན་ནས་བདག་དབང་སྲུང་སྐྱོབ་བྱེད་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-03 11:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་ཁ་པར་བཏང་སྟེ། ཁོས་བདག་དབང་ལ་སྲུང་སྐྱོབ་བྱེད་སྐབས་ཞི་བའི་བྱེད་ཐབས་སྤྱོད་དགོས་པའི་སྐུལ་མ་བཏང་།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་པའོ་ལོ་ཧྲིན་ཁི་ལ་ཁ་པར་གཏོང་སྐབས་བཤད་རྒྱུར། ཁོས་ཝུའུ་ཁི་ལན་སྲིད་གཞུང་གིས་རང་གི་མངའ་ཁོངས་སུ་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོར་རྒྱུས་ལོན་བྱེད་ཐུབ་ཟེར། ཕན་ཅི་ཝུན་གྱིས་ཞི་བའི་ཐབས་ལ་བརྟེན་དགོས་པ་དང་། པའོ་ལོ་ཧྲིན་ཁི་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱེད་དགོས་པའི་སྐུལ་མ་བཏང་།

ཝུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨོ་ཧིན་ཏའོ་ཧྥུའུ་སི་ཅི་ཡིས་ཚེས་གཉིས་ཉིན་དངོས་སུ་ཁྱབ་སྒྲོག་བྱས་དོན། འབྱོར་ལྡན་པ་པའོ་ལོ་ཧྲིན་ཁི་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་གྱི་འདེམ་བསྐོའི་ཁྲོད་ཙུང་ཐུང་ལ་བདམས་ཟེར། དེའི་སྔོན་ཝུའུ་ཁི་ལན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན་ཙུང་ཐུང་འདེམ་བསྐོའི་མཇུག་མཐའི་འདེམ་ཤོག་ཐོ་འགོད་རྩིས་ལེན་བྱས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག