མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་གིས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཁ་བྲལ་གནས་བབ་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-03 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་གཉིས་ཉིན་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོའི་སྟེང་ཁྱབ་སྒྲོག་བྱས་དོན། ལོ་ངོ་བདུན་ལྷག་འགོར་བའི་ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཁ་བྲལ་གནས་བབ་དངོས་སུ་མཇུག་སྒྲིལ་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་ཚེས་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་སྟེང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། སྔོན་ཆད་ཀྱི་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏཱ་ལཱ་ཡིས་ཙུང་ལིའི་འགན་ཁུར། ཨ་པཱ་སི་ཡིས་དམ་བཅའ་འཇོག་པའི་མཛད་སྒོའི་སྟེང་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་གྱི་རང་བཙན་ལས་དོན་ལ་གནོད་པ་ཆེན་པོ་ཐེབས་པའི་ནང་ཁུལ་གྱི་ཁ་བྲལ་གནས་བབ་དངོས་སུ་མཇུག་སྒྲིལ་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་ལ་བསྡོམས་པས་པུའུ་ཀྲང་བཅུ་བདུན་ཡོད་པ་དང་། ཙུང་ལི་ཧཱ་མུའུ་ཏཱ་ལཱ་ཡིས་ཞོར་དུ་ནང་སྲིད་པུའུ་ཀྲང་གི་འགན་ཡང་འཁུར་ཡོད། ཁོངས་མི་ཚང་མ་ནི་ཏང་ཁག་གང་ལའང་མི་གཏོགས་པའི་སྒེར་ཚུགས་ཀྱི་མི་སྣ་ཏག་ཏག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག