མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཀྲིག་གཉིས་ཀྱི་དམངས་ཡོངས་ཀྱིས་འདེམ་ཤོག་འཕང་བའི་མཇུག་འབྲས་ཁས་ལེན་བྱེད་མི་སྲིད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-12 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གཉིས་ཀྱིས་ཉིན་དེར་སྤེལ་བའི་དམངས་ཡོངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་ནི་སྔར་ལས་ལྷག་པའི་ལྷག་པའི་སྒོ་ནས་ཁ་བྲལ་དང་ཟིང་འཁྲུག་བཟོ་བའི་ཆེད་དུ་ཡིན་པས། ཨ་མེ་རི་ཁའི་ཕྱོགས་ཀྱིས་དམངས་ཡོངས་ཀྱིས་འདེམ་ཤོག་འཕང་བའི་མཇུག་འབྲས་དེ་ཁས་ལེན་བྱེད་མི་སྲིད་ཟེར།

ཕུའུ་སཱ་ཅི་ཡིས་ཡིག་ཐོག་གི་གསལ་སྒྲོག་སྤེལ་ཏེ། ཝུའུ་ཁི་ལན་གྱི་བཅའ་ཁྲིམས་ལྟར་ན། གོང་གི་ཀྲིག་གཉིས་ཀྱི་དྲག་ཆས་ཁ་བྲལ་ཚོགས་ཁག་གིས་རྩ་འཛུགས་བྱེད་བཞིན་པའི་དམངས་ཡོངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཁྲིམས་མཐུན་མིན་པར་མ་ཟད། དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཡང་འགལ་ཡོད་ལ། ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཡོང་བར་གནོད་པ་བཟོས་ཡོད་ཟེར།

ཕུའུ་སཱ་ཅི་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་འདིའི་ཚེས་བདུན་ཉིན་དམངས་ཡོངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་རྗེས་སུ་སྣུར་དགོས་པའི་རེ་བ་བཏོན་པར་མ་ཟད། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་མཐའ་མཚམས་སུ་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཀྱང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཨུ་རུ་སི་རྒྱལ་ཁབ་ཀྱིས་རང་སྟེང་གི་ཤུགས་རྐྱེན་ལ་བརྟེན་ནས་དམངས་ཡོངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་བཀག་འགོག་མ་བྱས་པར་འཕང་སེམས་ཆེན་པོ་སྐྱེས་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་དམག་དཔུང་ཕྱིར་འཐེན་བྱས་པའི་སྣང་ཚུལ་ཅི་ཡང་མ་མཐོང་ཟེར།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་སོ་སོར་རང་བཙན་བྱེད་མིན་གྱི་གནད་དོན་ཐད་ནས་ས་གནས་རང་བཞིན་གྱི་དམངས་ཡོངས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། རྩ་འཛུགས་མཁན་གྱིས་བཤད་རྒྱུར། ཉིན་དེའི་དགོང་མོར་འདེམ་ཤོག་འཕང་བའི་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱེད་ངེས་ཟེར། ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཀྲིག་དེ་གཉིས་ཀྱིས་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དེས་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་ཡོང་བ་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཐད་བཅའ་ཁྲིམས་ཀྱི་ཤུགས་རྐྱེན་ཅི་ཡང་ཐེབས་མི་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག