མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་བྱང་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི19རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-11 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་སྤྱོད་རླངས་འཁོར་ཞིག་ལ་ཚེས10ཉིན་གྱི་ཕྱི་དྲོར་རྒྱ་གར་བྱང་ཕྱོགས་ཀྱི་ཨ་ཁན་ཏི་པང་བྱང་མའི་རི་ཁུལ་ནས་ཆག་སྒོ་བྱུང་སྟེ། མི19རྐྱེན་ལམ་དུ་ཤོར་བ་དང་། མི4ལ་རྨས་ཕོག་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་སྤྱོད་རླངས་འཁོར་དེ་ཨ་ཁན་ཏི་པང་བྱང་མའི་ཧི་ལི་ཏི་ཝ་ཨར་ནས་ཅེ་མའོ་ལེ་རྫོང་གི་ཀི་ཐི་རུ་བགྲོད་བཞིན་ཡོད་པ་དང་། དམིགས་སར་བསླེབ་ལ་ཉེ་བའི་སྐབས་དུ་སྤྱི་སྤྱོད་རླངས་འཁོར་དེ་རི་ལམ་ལས་ཤོར་བ་རེད། མིག་སྔར་འགྲིམ་འགྲུལ་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད།

རླངས་འཁོར་ཁ་ལོ་བས་སེམས་ཆུང་མ་བྱས་པ་དང་ཐེག་ཚད་ལས་བརྒལ་བ། ལམ་མི་བདེ་བ་བཅས་ཀྱི་དབང་གིས་རྒྱ་གར་དུ་འགྲིམ་འགྲུལ་ཆག་སྒོ་མང་དུ་འབྱུང་བཞིན་ཡོད་ལ། ལོ་རེར་མི་འབུམ་གཅིག་ཙམ་འགྲིམ་འགྲུལ་ཆག་སྒོ་ལས་ཚེ་སྲོག་ཤོར་གྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག