མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱིས་ཨུ་རུ་སིའི་བར་གྱི་ཕྱོགས་བཞིའི་མངའ་ཁོངས་ཀྱི་གནད་དོན་ཐད་ནས་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་གྲོས་མོལ་སྤེལ་མཚམས་འཇོག་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་སྲིད་གཞུང་གིས་ཝུའུ་ཁི་ལན་གནས་བབ་ཀྱི་དབང་གིས་ཨུ་རུ་སིའི་ཁ་གཏད་ནས་ལངས་པའི་ཡོ་རོབ་གླིང་དང་མེ་གླིང་གི་རྒྱལ་ཁབ་སོ་སོའི་གོམ་འགྲོས་དང་མཐུན་པར་བྱེད་ཆེད། ཨུ་རུ་སིའི་བར་བྱང་ཕྱོགས་མངའ་ཁོངས་ཀྱི་གནད་དོན་ལ་འབྲེལ་བའི་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་གྲོས་མོལ་སྤེལ་མཚམས་འཇོག་རྒྱུ་ཐག་བཅད་ཡོད།

དེ་ནི་ཟླ་བཞི་བའི་ཟླ་སྨད་དུ་གཏན་འཁེལ་བྱས་ཡོད་པའི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གི་ཨུ་རུ་སིའི་འཚམས་འདྲིའི་འཆར་གཞི་རྗེས་སུ་བསྣུར་རྗེས་ཀྱི་བྱེད་ཐབས་གཞན་ཞིག་རེད། འཇར་པན་ཕྱོགས་ཀྱིས་ཟང་ཟིང་གི་ཝུའུ་ཁི་ལན་གྱི་གནས་བབ་གཏན་འཇགས་སུ་སོང་རྗེས། ཐེངས་རྗེས་མའི་གྲོས་མོལ་ཉིན་རིམ་ལ་མཐུན་སྦྱོར་བྱེད་རྒྱུའི་འཆར་གཞི་ཡོད།

ཕྱི་འབྲེལ་པུའུ་ཡི་དཔོན་རིགས་ཀྱིས་ཚེས་དགུ་ཉིན་ཐེངས་རྗེས་མའི་ཕྱི་འབྲེལ་བློན་ཆེན་གཞོན་པ་རིམ་པའི་གྲོས་མོལ་གྱི་དུས་ཚོད་ཐད་ནས་གསར་འགོད་པར་བཤད་རྒྱུར། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱིས་མཉམ་འབྲེལ་གྱིས་ཨུ་རུ་སི་ལ་ངོ་རྒོལ་བྱེད་སྐབས། འཇར་པན་གྱིས་ཨུ་རུ་སིའི་བར་གྲོས་མོལ་བྱེད་པར་དཀའ་ཁག་ཆེ་བ་དང་། ཚོགས་ཁག་ཡོངས་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་སྤེལ་མི་རུང་ཟེར།

ཡིན་ན་ཡང་ཁོས་ད་རུང་བསྟན་དོན། འཇར་མན་དང་ཨ་མེ་རི་ཁས་སྔ་གཞུག་ཏུ་ཨུ་རུ་སིའི་མགོ་གཙོ་དང་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་སྤེལ་བཞིན་ཡོད་པས། འཇར་པན་གྱིས་ཀྱང་བྱ་བ་གང་ཡང་མ་བསྒྲུབ་ན་མི་རུང་ཟེར། དེ་ལས་སྲིད་གཞུང་བར་གྱི་འབྲེལ་འདྲིས་ངེས་ཅན་ཞིག་སྲུང་འཛིན་བྱེད་རྒྱུའི་ལྐོག་བརྡ་བཏང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག