མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་ཁི་ལི་མུས་ཡཱ་རུ་སོང་ནས་དམག་གཟིགས་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:01

普京红场阅兵后亲赴克里米亚检阅黑海舰队 1.jpg

  ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བའི་ཚེས་དགུ་ཉིན། ཁི་ལི་མུས་ཡཱའི་གྲུ་ཁའི་གྲོང་ཁྱེར་སེ་ཝ་སི་ཐའོ་པའོ་ཨར་ནས། ཕུའུ་ཅིན་མྱུར་བགྲོད་གྲུ་གཟིངས་ལ་བསྡད་དེ་མཚོ་ནག་གྲུ་གཟིངས་རུ་ཁག་གི་དམག་གྲུར་ལྟ་ཞིབ་བྱས།

普京红场阅兵后亲赴克里米亚检阅黑海舰队 2.jpg

  ཚེས་དགུ་ཉིན་གྱི་དགོང་མོར། མའོ་སི་ཁིའི་དམར་དམག་ཐང་ཆེན་གྱི་དམག་གཟིགས་བྱ་འགུལ་ལ་ཞུགས་རྗེས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཁི་ལི་མུས་ཡཱའི་གྲུ་ཁའི་གྲོང་ཁྱེར་སེ་ཝ་སི་ཐའོ་པའོ་ཨར་དུ་སོང་བ་དང་། མྱུར་བགྲོད་གྲུ་གཟིངས་ལ་བསྡད་དེ་དམག་གཟིགས་མཛད་སྒོའི་གྲུ་གཟིངས་རུ་ཁག་ལ་ལྟ་ཞིབ་བྱས། དེ་ནི་ཟླ་གསུམ་པར་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་དུ་ཞུགས་པའི་ཚུན་ལ། ཨུ་རུ་སིའི་ཙུང་ཐུང་གིས་ཐོག་དང་པོར་ཁི་ལི་མུས་ཡཱ་རུ་འཚམས་འདྲི་བྱས་པ་རེད།

普京红场阅兵后亲赴克里米亚检阅黑海舰队 3.jpg

དམག་གཟིགས་ལ་ཞུགས་པའི་ཨུ་རུ་སིའི་དམག་མི་གྲལ་བསྒྲིགས་ཏེ་དམར་དམག་ཐང་ཆེན་བརྒྱུད།

普京红场阅兵后亲赴克里米亚检阅黑海舰队 4.jpg

BUK-M2Uའཕུར་མདའི་མ་ལག་དམག་གཟིགས་མཛད་སྒོའི་སྟེང་མངོན།

普京红场阅兵后亲赴克里米亚检阅黑海舰队 5.jpg

“པེ་དབྱང-M”གླིང་བར་གྱི་འཕུར་མདའ་དམག་གཟིགས་མཛད་སྒོའི་སྟེང་མངོན།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཚེས་དགུ་ཉིན་གྲོང་ཁྱེར་ཉེར་དྲུག་ནས་རྒྱལ་ཁའི་ཉིན་མོའི་དམག་གཟིགས་མཛད་སྒོ་སྤེལ་ཏེ། རྒྱལ་སྲུང་འཐབ་འཛིང་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་རེ་དགུ་འགོར་བར་རྗེས་དྲན་བྱས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་མའོ་སི་ཁོའི་དམར་དམག་ཐང་ཆེན་གྱི་དམག་གཟིགས་མཛད་སྒོར་ཞུགས་རྗེས། མྱུར་མོར་ཁི་ལི་མུས་ཡཱ་རུ་སོང་ནས་སེ་ཝ་སི་ཐའོ་པའོ་ཨར་གྱི་དམག་གཟིགས་མཛད་སྒོར་ཞུགས། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཨུ་རུ་སིའི་དམག་གཟིགས་བྱ་འགུལ་སྤེལ་བའི་དུས་སྐབས་མི་འཚམ་ཞེས་བཤད།

  མའོ་སི་ཁི་ལས་གཞན་ཨུ་རུ་སི་ནས་ད་རུང་གྲོང་ཁྱེར་ཉེར་ལྔ་ཡིས་དམག་གཟིགས་བྱ་འགུལ་སྤེལ། ཁི་ལི་མུས་ཡཱ་ཕྱེད་གླིང་གི་སེ་ཝ་སི་ཐའོ་པའོ་ཨར་གྲོང་ཁྱེར་ནས། འཐབ་འཛིང་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་བདུན་ཅུ་དང་། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་དང་སེ་ཝ་སི་ཐའོ་པའོ་ཨར་གྱི་བདེ་འཇགས་དམག་དཔུང་། དེ་མིན་ས་དེའི་དམག་དོན་སློབ་གླིང་བཅས་ཀྱི་མི་སྣ་སྟོང་གཅིག་ལྷག་དམག་གཟིགས་མཛད་སྒོར་ཞུགས།

  ཚེས་དགུ་ཉིན་གྱི་དགོང་མོར། མའོ་སི་ཁིའི་དམར་དམག་ཐང་ཆེན་གྱི་དམག་གཟིགས་བྱ་འགུལ་ལ་ཞུགས་རྗེས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ཁི་ལི་མུས་ཡཱའི་གྲུ་ཁའི་གྲོང་ཁྱེར་སེ་ཝ་སི་ཐའོ་པའོ་ཨར་དུ་སོང་བ་དང་། མྱུར་བགྲོད་གྲུ་གཟིངས་ལ་བསྡད་དེ་དམག་གཟིགས་མཛད་སྒོའི་གྲུ་གཟིངས་རུ་ཁག་ལ་ལྟ་ཞིབ་བྱས། དེ་ནི་ཟླ་གསུམ་པར་ཁི་ལི་མུས་ཡཱའི་དམངས་ཡོངས་ཀྱིས་བརྡས་ཐག་བཅད་དེ་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་དུ་ཞུགས་པའི་ཚུན་ལ། ཨུ་རུ་སིའི་ཙུང་ཐུང་གིས་ཐོག་དང་པོར་ཁི་ལི་མུས་ཡཱ་རུ་འཚམས་འདྲི་བྱས་པ་རེད།

  དམག་གཟིགས་མཛད་སྒོར་ཞུགས་རྗེས། ཕུའུ་ཅིན་གྱིས་རྒྱལ་སྲུང་འཐབ་འཁྲུག་སྐབས་སུ་སེ་ཝ་སི་ཐའོ་པའོ་ཨར་བརྟན་སྲུང་བྱེད་མཁན་གྱི་དམག་མིའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ། འཆར་གཞི་ལྟར་ན། ཁོས་ད་རུང་ས་དེའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དམག་མི་རྒན་པར་ཐུག་འཕྲད་བྱེད་རྒྱུ་མ་ཟད། རིག་རྩལ་འཁྲབ་སྟོན་ལ་བལྟ་རྒྱུ་རེད།

  ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ཏེ། ཕུའུ་ཅིན་གྱིས་ཁི་ལི་མུས་ཡཱ་རུ་འཚམས་འདྲི་བྱས་པར་རྒོལ་གཏམ་བཏང་། གསལ་བསྒྲགས་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ཝུའུ་ཁི་ལན་གྱི་ཕྱོགས་ལ་གྲོས་མོལ་མ་བྱས་པར་ཁི་ལི་མུས་ཡཱ་རུ་འཚམས་འདྲི་བྱས་པ་དེ་ལས་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་སྣང་མེད་དུ་བསྐྱུར་བ་དང་། ཝུའུ་ཁི་ལན་གྱི་བདག་དབང་ལ་རྡོག་བརྫིས་གཏོང་བའི་བྱ་སྤྱོད་མཚོན་ཡོད་ཟེར། ཝུའུ་ཁི་ལན་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིའི་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་དང་ཨུ་རུ་སིའི་འབྲེལ་བ་ཛ་དྲག་ཏུ་བཏང་བ་དང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་གནས་པའི་གནད་དོན་ཐག་གཅོད་བྱེད་འདོད་མེད་པར་སྐྱོན་འཛུགས་ནན་མོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག