མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལཱ་ཅཱ་ཏི་ཡིས་ཨ་རབ་རྒྱལ་ཁབ་ཀྱིས་ན་གཞོན་གྱི་ལས་ཞུགས་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཅཱ་ཏི་ཡིས་ཚེས་དགུ་ཉིན་མའོ་ལོ་ཀིའི་རྒྱལ་ས་ལཱ་པཱ་ཐི་ཡིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ། ཁྱད་པར་དུ་རྣམ་པ་བསྒྱུར་བཞིན་པའི་ཨ་རབ་རྒྱལ་ཁབ་དག་གིས་ན་གཞོན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ལཱ་ཅཱ་ཏི་ཡིས་བཤད་རྒྱུར། མིག་སྔར་རྣམ་པ་བསྒྱུར་བཞིན་པའི་ཨ་རབ་རྒྱལ་ཁབ་དག་གི་དཔལ་འབྱོར་འཕར་ཚད་ཧ་ལམ་བརྒྱ་ཆའི་གསུམ་ཡིན་པ་དང་། ཆ་སྙོམས་ལས་ཤོར་གྱི་ཚད་བརྒྱ་ཆའི་བཅུ་གསུམ་ཡིན་ལ། ན་གཞོན་གྱི་ལས་ཀ་ཤོར་ཚད་བརྒྱ་ཆའི་ཉེར་དགུ་ལ་བསླེབས་ཡོད་ཟེར། ཁོ་མོས་བལྟས་ན། ན་གཞོན་གྱི་ལས་ཞུགས་ལ་ཤུགས་སྣོན་བྱས་ན་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་དུ་ད་གཟོད་སྟོབས་དང་ལྡན་ཞིང་། རྒྱུན་མཐུད་དང་དོ་མཉམ་པའི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་ཐུབ་པར་འདོད།

ལཱ་ཅཱ་ཏི་ཡིས་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དཔལ་འབྱོར་དང་སྤྱི་ཚོགས་བཅོས་བསྒྱུར་ལ་ཡར་སྐུལ་བྱེད་པ་དང་། ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། དར་རྒྱས་དང་གསོན་ཤུགས་ཆེན་པོ་ལྡན་ལ། ལས་ཞུགས་ཐག་གཅོད་ཐུབ་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། ས་ཁུལ་དེའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་བཅོས་བྱས་ཏེ། ན་གཞོན་ལ་ལས་ཞུགས་ཀྱི་རྩལ་ནུས་གསོ་སྦྱོང་འདང་ཚིམ་པ་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་ཅཱ་ཏི་ཡིས་ཉིན་དེར་མའོ་ལོ་ཀིའི་རྒྱལ་བོ་མུའུ་ཧན་མའོ་ཏི་སྐུ་ཕྲེང་དྲུག་པ་དང་དབུ་བཞུགས་བློན་ཆེན་པིན་ཅི་ལན་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་མའོ་ལོ་ཀི་ཡིས་སྐུལ་འདེད་གཏོང་བཞིན་པའི་ཆབ་སྲིད་དང་དཔལ་འབྱོར། ཁྲིམས་འཛིན་བཅས་ཀྱི་བཅོས་བསྒྱུར་ལ་ཁས་ལེན་གང་ལེགས་བྱས་པ་དང་། མུ་མཐུད་དུ་མའོ་ལོ་ཀི་དང་བཅས་པའི་རྣམ་པ་བསྒྱུར་བའི་ཨ་རབ་རྒྱལ་ཁབ་ལ་ནོར་སྲིད་དང་ལག་རྩལ་གྱི་རོགས་སྐྱོར་བྱས་ཏེ། རྒྱལ་ཁབ་དེ་དག་གིས་ཚོང་ལས་ཁོར་ཡུག་ལེགས་བཅོས་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག