མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བརྒྱད་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། ཨ་ཧྥེ་རི་ཁ་ལྷོ་མས་ཞི་བའི་སྒོ་ནས་རྒྱལ་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་བར་རྟེན་འབྲེལ་ཞུས་པ་དང་། ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་དུ་ཨ་ཧྥེ་རི་ཁ་ལྷོ་མར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

གསལ་བསྒྲགས་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཨ་ཧྥེ་རི་ཁ་ལྷོ་མས་ཚེས་བདུན་ཉིན་ཞི་བའི་སྒོ་ནས་རྒྱལ་དམངས་གྲོས་ཁང་དང་ཞིང་ཆེན་རིམ་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། འདེམ་བསྐོའི་ཁྲོད་འདེམ་ཤོག་འཕེན་ཚད་མཐོ་བའི་གནད་དོན་ཐད་ནས་རྒྱལ་ཁབ་དེའི་སྲིད་གཞུང་དང་མི་དམངས་ལ་རྟེན་འབྲེལ་ཞུས། ཨ་ཧྥེ་རི་ཁ་ལྷོ་མའི་མི་དམངས་རྣམས་ཧུར་ཐག་སྒོས་རྒྱལ་ཁབ་དེའི་ལོ་ངོ་ཉི་ཤུའི་སྔོན་ཐོག་དང་པོར་རིགས་རྒྱུད་མང་བོའི་འདེམ་བསྐོའི་བྱ་འགུལ་སྤེལ་བའི་ཚུན་ལ་བཙུགས་པའི་དམངས་གཙོའི་ལམ་ལུགས་ལ་ཞུགས་པ་དང་། ཕན་ཅི་ཝུན་གྱིས་ཁོ་ཚོའི་ཆོད་སེམས་ལ་གཟེངས་བསྟོད་བྱས། ཁོས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔར་བཞིན་དུ་ཨ་ཧྥེ་རི་ཁ་ལྷོ་མས་སྤྱི་ཚོགས་ལས་རིམ་སོ་སོའི་མི་དམངས་ཀྱི་ཁེ་ཕན་ཆེད་དུ་དྲང་བདེན་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཨ་ཧྥེ་རི་ཁ་ལྷོ་མས་ཚེས་བདུན་ཉིན་རྒྱལ་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། སྐབས་གསར་བའི་རྒྱལ་དམངས་གྲོས་ཁང་དང་ཞིང་ཆེན་རིམ་པའི་གྲོས་ཁང་བདམས་ཐོན་བྱུང་། དེ་ནི་མན་ཏི་ལཱའི་དུས་རབས་རྗེས་མར་བསྡུས་པའི་འདེམ་བསྐོའི་བྱ་འགུལ་དང་པོ་ཡིན་པ་དང་། ཨ་ཧྥེ་རི་ཁ་ལྷོ་མས་རིགས་རྒྱུད་ཁ་བྲལ་ལམ་ལུགས་མཇུག་སྒྲིལ་ནས་ལོ་ངོ་ཉི་ཤུ་འགོར་བའི་སྐབས་སུ་ཁེལ་ཡོད་པས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འདེམ་བསྐོ་ལ་ཞུགས་པའི་སྲིད་ཏང་ཞེ་ལྔའི་འདེམ་སྒུག་མི་སྣ་སྟོང་བརྒྱད་དང་དྲུག་བརྒྱ་ང་གཅིག་གིས་རྒྱལ་དམངས་གྲོས་ཁང་དང་ཞིང་ཆེན་རིམ་པའི་གྲོས་ཁང་གི་གྲོས་མིར་འགྲན་རྩོད་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག