མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ཡོངས་གྲོས་མོལ་ལ་ཆ་རྐྱེན་སྐྲུན་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་གྱི་དགོང་མོར་སྤྱི་བསྒྲགས་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་བཏང་སྟེ། ཨ་མེ་རི་ཁས་ཅི་ཧྥུའུ་སྲིད་དབང་གིས་ཤར་ལྷོའི་ས་ཁུལ་གྱི་གྲོས་མོལ་ལ་ཆ་རྐྱེན་བསྐྲུན་པར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་བཏང་།

སྤྱི་བསྒྲགས་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་ཨུ་རུ་སི་དང་། ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཀྱིས་མཉམ་དུ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཅི་ཧྥུའུ་སྲིད་དབང་གིས་ངེས་པར་དུ་གང་མགྱོགས་ཀྱིས་ཤར་ལྷོའི་ས་ཁུལ་དུ་འགུལ་སྐྱོད་སྤེལ་མཚམས་འཇོག་པ་དང་། སྡོད་ཁུལ་གྱི་བཀག་རྒྱ་མེད་པར་བཏང་སྟེ། ཆབ་སྲིད་ཉེས་ཅན་ཚང་མ་ཕྱིར་བཏང་ནས་རྩ་ཁྲིམས་བཅོས་བསྒྱུར་བྱེད་དགོས་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ཁི་ལེ་ཡིས་ཤེས་གསལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་པའི་ཁི་ཧཱ་ཨར་ཐི་གཉིས་ཀྱིས་ཚེས་བདུན་ཉིན་མའོ་སི་ཁི་ནས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་རི་ནེ་ཝ་ནས་བཀོད་པའི་ཡིག་ཆ་ལག་བསྟར་བྱེད་པའི་ཐད་བཏོན་པའི་གྲོས་གཞི་ལ་གྲོས་བསྡུར་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག