མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་མགོ་ཁྲིད་པས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྒོར་ཅོག་གྲོས་མོལ་སྤེལ་དགོས་པའི་གྲོས་གཞི་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་གི་ལས་འགན་ལག་བསྟར་བྱེད་བཞིན་པའི་གྲོས་དཔོན་ཐུའུ་ཨར་ཆི་ནོའུ་ཧྥུའུ་དང་ཙུང་ལི་ཡཱ་ཚེ་ཉིག་ཁི་གཉིས་ཀྱིས་ཚེས་བརྒྱད་ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཝུའུ་ཁི་ལན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སྒོར་ཅོག་གྲོས་མོལ་སྤེལ་དགོས་པའི་གྲོས་གཞི་བཏོན།

གསལ་བསྒྲགས་ལས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་ནི་ཝུའུ་ཁི་ལན་སྤྱི་ཚོགས་ཀྱི་གནད་འགག་གི་གནད་དོན་ལ་ཐུན་མོང་ལྟ་ཚུལ་འབྱུང་བའི་ཆེད་དུ་ཡིན། ཆེས་གལ་ཆེ་བའི་གནད་དོན་ལ་ཀྲུང་དབྱང་གིས་དབང་ཆ་སྟེར་བ་དང་། ས་གནས་རང་སྐྱོང་བཅོས་བསྒྱུར། དབང་ཤུགས་ལས་ཁུངས་བར་གྱི་དོ་མཉམ་ལ་འགན་སྲུང་བྱེད་པ། སྔར་ལས་ལྷག་པར་གྲངས་ཉུང་མི་རིགས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ། ཁྲིམས་འཛིན་དང་ཁྲིམས་སྲུང་ཁོངས་གཏོགས་ལ་བཅོས་བསྒྱུར་བྱེད་པ་སོགས་འདུས། རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཆབ་སྲིད་སྟོབས་ཤུགས་སོ་སོའི་འཐུས་མི་དང་། སྤྱི་དམངས་ཀྱི་སྤྱི་ཚོགས་དང་རིགས་གཞུང་ལས་རིགས་ཀྱི་འཐུས་མི་གྲོས་མོལ་བྱེད་པར་གདན་འདྲེན་ཞུ་དགོས་ཟེར།

གསལ་བསྒྲགས་ལས་ནན་གྱིས་བསྟན་དོན། ཆབ་སྲིད་སྟོབས་ཤུགས་སོ་སོ་ཞུགས་པའི་གྲོས་གཞི་དེ་ཝུའུ་ཁི་ལན་གྱིས་དངོས་འབེབས་བྱེད་དགོས་པ་དང་། དེའི་ནང་ཝུའུ་ཁི་ལན་གྱི་རྩ་ཁྲིམས་བཟོ་བཅོས་བྱེད་པ་དང་བཅའ་ཁྲིམས་ལམ་ལུགས་བཅོས་བསྒྱུར་བྱས་པ་ལས་དངོས་འབེབ་བྱེད་དགོས་ཟེར།

གསལ་བསྒྲགས་ལས་མཇུག་མཐར་བཤད་རྒྱུར། ཁྲིམས་འགལ་གྱི་དྲག་ཆས་ཚོགས་ཁག་གིས་མྱུར་དུ་མཚོན་ཆ་བསྐྱུར་བ་དང་། མི་གཏའ་ཕྱིར་གཏོང་དགོས་ལ། བཙན་བཟུང་བྱས་པའི་གནས་ནས་ཕྱིར་འཐེན་བྱེད་དགོས་ཟེར། ཆ་རྐྱེན་དེ་དང་ལེན་བྱས་པ་དང་དམར་གསོད་ལ་མ་ཞུགས་པའི་མི་ཚང་མ་སྲོག་ཐར་ལ་གཏོང་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག