མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་དབྱིན་ལཱའི་ལས་འགན་བླངས་པ་དང་ཐེ་གོའི་ནེ་ཀི་ཡིས་ཙུང་ལི་གསར་བ་གཏན་འཁེལ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:13

ཟླ5བའི་ཚེས6ཉིན། ཐེ་གོའི་རྒྱལ་ས་མན་ཀུའུ་ནས། ཐེ་གོའི་ལྟ་སྐྱོང་ཙུང་ལི་དབྱིན་ལཱ་ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་དུ་སོང་ནས་རྩ་ཁྲིམས་དང་འགལ་བའི་སྐྱོན་འཛུགས་ཐད་ནས་རང་ཉིད་ལ་དག་འབུད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས7ཉིན་དབྱིན་ལཱ་ཡི་བྱ་སྤྱོད་དེ་རྩ་ཁྲིམས་དང་འགལ་བའི་ནག་ཉེས་གྲུབ་ཡོད་པ་དང་ཁོ་མོའི་ལས་འགན་ལེན་རྒྱུ་ཐག་བཅད། དེའི་རྗེས་སུ་ཐེ་གོའི་ལྟ་སྐྱོང་ནེ་ཀི་ཡིས་ཙུང་ལི་གསར་བ་གཏན་འཁེལ་བྱས།

ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་གཞོན་པ་ཕིན་ཐིས་ཀྱིས་བཤད་རྒྱུར། ནེ་ཀི་ཡིས་ད་ལྟའི་ཐེ་གོའི་ཙུང་ལི་གཞོན་པ་དང་ཚོང་དོན་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ནེ་ཝ་ཐན་ལུང་ཙུང་ལི་གསར་བར་གཏན་འཁེལ་བྱས་ཟེར།

ཉིན་དེའི་སྔ་དྲོར་ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཐེ་གོའི་ལྟ་སྐྱོང་ཙུང་ལི་དབྱིན་ལཱ་ཡིས་འགན་དབང་གང་འདོད་དུ་བཀོལ་བའི་ནག་ཉེས་གྲུབ་པ་དང་ཁོ་མོའི་ཙུང་ལིའི་ལས་འགན་ལེན་རྒྱུ་ཐག་བཅད།

དབྱིན་ལཱ་ཡིས་ཉིས་སྟོང་བཅུ་གཅིག་ལོར་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད་པའི་ཐཱ་ཝུན་གྱི་ལས་གནས་སྤོར་བ་དེ་ནི་འགན་དབང་གང་འདོད་དུ་སྤྱད་པ་དང་རྩ་ཁྲིམས་ལ་འགལ་བའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་འཛུགས་ཐེབས་ཡོད། ཐེ་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་བཤད་རྒྱུར། དབྱིན་ལཱ་ཡིས་ལས་གནས་སྤར་བའི་དོན་དེར་གསང་བའི་དམིགས་ཡུལ་ཡོད་པས་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག