མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་གི་དཔལ་འབྱོར་ཚོགས་ཆེན་སྐབས་དྲུག་པ་ཕོ་ལན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གསུམ་ཡིན་པའི་ཡོ་རོབ་གླིང་གི་དཔལ་འབྱོར་ཚོགས་ཆེན་སྐབས་དྲུག་པ་ཚེས7ཉིན་ཕོ་ལན་གྱི་ལྷོ་ཕྱོགས་གརོང་ཁྱེར་ཁཱ་ཐའོ་ཝེ་ཚི་ལཱ་ནས་ཚོགས་མགོ་བརྩམས། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི་ཡོ་རོབ་གླིང་དང་ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་གི་གནས་ཚུལ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་བཟོ་ལས་ཅན་དང་ནམ་ཟླའི་སྲིད་ཇུས། ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་སྔོན་རྩིས་གསར་བའི་མདུན་ལྗོངས། དེ་མིན་ཕོ་ལན་ཀུང་ཟིའི་འཛམ་གླིང་ཡོངས་ཅན་གྱི་འཕེལ་རྒྱས་སོགས་ཡིན།

ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ། ཁོས་ནན་གྱིས་བསྟན་དོན། དཔལ་འབྱོར་གཞི་གཅིག་ཅན་དང་སྤྱི་ཚོགས་དང་མི་རིགས་ཀྱི་འགན་འཁྲི། ནུས་ཁུངས་ཀྱི་བདེ་འཇགས་བཅས་ཀྱི་དབང་གིས་ཕོ་ལན་གྱིས་རྡོ་སོལ་ཐོན་ཁུངས་སྔོག་འདོན་བྱེད་པར་ཡང་བསྐྱར་བསམ་བློ་གཏོང་ངེས་ཡིན། དེ་ནི་ལས་རིགས་སྡེ་ཚོགས་རེ་འགའི་གནོན་ཤུགས་ཀྱི་དབང་གིས་མིན་པར་ཕོ་ལན་གྱི་ནུས་ཁུངས་སྒེར་ཚུགས་ལ་བསམ་བློ་བཏང་བ་ཡིན་ཟེར། ཕོ་ལན་སྲིད་གཞུང་གིས་རྒྱལ་ཁབ་རང་གི་ནུས་ཁངས་སྒེར་ཚུགས་ལ་ཁག་ཐེག་བྱེད་དགོས་པས། ཡང་བསྐྱར་རྡོ་སོལ་སྔོག་འདོན་ལ་ཤུགས་སྣོན་བྱེད་དགོས་པ་དང་། སྲིད་གཞུང་གིས་རྡོ་སོལ་ལས་རིགས་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

ཕོ་ལན་རྒྱལ་ནང་དང་ཡོ་རོབ་གླིང་གི་ས་ཁུལ་གཞན་པ་ནས་ཡོང་བའི་སྐུ་མགྲོན་སྟོང་དྲུག་ལྷག་གྲོས་ཚོགས་ལ་ཞུགས། ཚོགས་ཆེན་སྐབས་སུ་ད་རུང་ཆེད་དོན་གྲོས་བསྡུར་ཐེངས་བརྒྱ་ཕྲག་ལྷག་སྤེལ་རྒྱུ་རེད། དེའི་ནང་ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་གླེང་སྟེགས་སོགས་འདུས།

ཡོ་རོབ་གླིང་གི་དཔལ་འབྱོར་ཚོགས་ཆེན་སྐབས་ཐོག་མ་དེ་ཉིས་སྟོང་དགུའི་ལོར་སྤེལ་བ་དང་། མིག་སྔར་གྲོས་ཚོགས་དེ་ཡོ་རོབ་གླིང་དབུས་ཤར་ས་ཁུལ་གྱི་ཆེས་གལ་ཆེ་བའི་དཔལ་འབྱོར་གླེང་སྟེགས་ཤིག་ཏུ་གྱུར་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག