མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་གྲོས་གཞི་འདོན་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-08 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་པའི་ཁི་ཧཱ་ཨར་ཐི་ཡིས་ཚེས7ཉིན་མའོ་སི་ཁི་ནས་བཤད་རྒྱུར། སྐོར་ཐེངས་གསར་བའི་ཝུའུ་ཁི་ལན་གནད་དོན་གྱི་རི་ནེ་ཝའི་གྲོས་ཚོགས་བསྡུ་བ་དེ་གནས་སྐབས་སུ་འཆར་གཞིའི་ཁྲོད་དུ་འདུས་མེད། དེའི་ཚབ་ཏུ་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་རི་ནེ་ཝ་ནས་ཡིག་ཆར་གྲོས་མཐུན་བཀོད་པའི་ཕྱོགས་བཞི་ཡིས་བྱེ་བྲག་གི་འགུལ་སྐྱོད་འཆར་གཞི་དང་གྲོས་གཞི་འདོན་དུ་འཇུག་རྒྱུ་ཡིན་ཟེར།

མའོ་སི་ཁི་རུ་འཚམས་འདྲི་བྱེད་བཞིན་པའི་པའོ་ཁི་ཧཱ་ཨར་ཐི་ཡིས་ཉིན་དེར་ཕུའུ་ཅིན་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། འཆར་གཞི་དེ་ནང་དོན་ཁག་བཞི་ཡིས་གྲུབ་ཡོད་པ་དང་། རི་ནེ་ཝའི་ཡིག་ཆ་བཀོད་པའི་ཕྱོགས་བཞི་ལ་སྤྲད་དེ་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། སྔར་ལས་དངོས་ཡོད་དང་འཚམ་ཞིང་ལག་བསྟར་བྱས་ཆོག་པའི་ཇུས་གཞི་ཞིག་ཡིན་ཟེར།

པའོ་ཁི་ཧཱ་ཨར་ཐི་ཡིས་བཤད་རྒྱུར། འཆར་གཞི་དེ་ལས་འཁྲུག་རྩོད་མཚམས་འོག་པ་དང་། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ། ཕྱོགས་སོ་སོའི་བར་གྲོས་མོལ་བྱེད་པ། འདེམ་བསྐོའི་བྱ་འགུལ་སྤེལ་བ་བཅས་ཀྱི་གྲོས་གཞི་བཏོན་ཡོད་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་སྡོད་དམངས་ཀྱིས་རྒྱལ་ཡོངས་གྲོས་མོལ་བྱེད་པ་ནི་སྔར་ལས་དོན་དངོས་དང་འཚམ་པའི་དོན་ཞིག་ཡིན་པ་དང་། ཝུའུ་ཁི་ལན་མི་དམངས་རྒྱལ་ཡོངས་གྲོས་མོལ་ནང་ཞུགས་ཏེ་རང་ཉིད་ཀྱི་ལས་དབང་ཐག་གཅོད་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག