མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྲས་ཤིས་གལ་སྲིད་ཁོང་ཙུང་ཐུང་ལ་བདམས་ཐོན་བྱུང་ཚེ་མུའུ་སི་ལིན་གཅེན་གཅུང་ཚོགས་པ་གནས་འཇུག་རྒྱུ་མིན་ཞེས་བཤད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-07 11:16

ཤིན་ཧྭ་གསར་འགྱུར་ཁང་གིས་གློག་འཕྲིན་ལྟར། ཨེ་ཅིབ་དམག་ཕྱོགས་ཀྱི་འགོ་ཁྲིད་པ། ཙུང་ཐུང་གི་འོས་སྒུག་མི་སྣ་སྲས་ཤིས་སྤྱི་ཚེས5ཉིན་གལ་སྲིད་ཁོང་ཨེ་ཅིབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་ཚེ། ཁོང་རང་གི་འགན་ཡུན་ནང་མུའུ་སི་ལིན་གཅེན་གཅུང་ཚོགས་པ་གནས་མི་ཆོག་པ་བཟོ་རྒྱུ་ཡིན་ཞེས་བཤད་འདུག

ཉིན་དེ་རང་ལ་ཨེ་ཅིབ་བརྙན་འཕྲིན་ལས་ཁུངས་གཉིས་ཀྱི་མཉམ་འབྲེལ་ཐོག་བཅར་འདྲི་བྱས་པའི་ལེ་ཚན་ནང་སྲས་ཤིས་གལ་སྲིད་བདེ་བླག་ངང་ཙུང་ཐུང་ལ་བདམས་ཐོན་བྱུང་ན། ངའི་ལས་འགན་ཨང་དང་པོ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། ངའི་འགན་ཡུན་ནང་མུའུ་སི་ལིན་གཅེན་གཅུང་ཚོགས་པའི་སྒྲིག་འཛུགས་ཞེས་པ་ཡོད་མི་སྲིད། རྒྱུ་མཚན་གང་ཡིན་ཞེ་ན། མུའུ་སི་ལིན་གྱི་གཅེན་གཅུང་ཚོགས་པ་མེད་པ་བཟོ་རྒྱུ་ནི་ཨེ་ཅིབ་མི་དམངས་ཀྱི་བསམ་འདུན་ཡིན་པ་དེས་ཡིན་ཞེས་གསུངས་འདུག

སྲས་ཤིས་ད་དུང་གལ་སྲིད་ཙུང་ཐུང་ལ་བདམས་ཐོན་བྱུང་ན། ཁོང་གི་འགན་ཡུན་ནང་འབད་བརྩོན་ཆེན་པོས་ལས་ཀ་ཤོར་ཚད་ཉུང་དུ་གཏོང་རྒྱུ་དང་སྡོད་ཁང་གནད་དོན་ཐག་གཅོད་བྱེད་རྒྱུ། སུའུ་ཝེ་ཧྲེའི་མི་བཟོས་ཆུ་བོའི་རྒྱུད་སོགས་དཔལ་འབྱོར་འཛུགས་སྐྲུན་རྣམ་གྲངས་ཆེ་རིགས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག