མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་ཁོ་རེ་ཡའི་ཙུང་ཐུང་གིས་ལོ་ཟླ་རྟགས་ཅན་གྱི་གྲུ་གཟིངས་ཆག་སྒོའི་ཐད་མངོན་གསལ་ཐོག་དགོངས་དག་ཐུགས་བདེན་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-07 11:16

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷོ་ཁོ་རེ་ཡའི་ཙུང་ཐུང་ཕིའོ་ཅིང་ཧུའེ་ཡིས་སྤྱི་ཚེས6ཉིན་ཚའོ་ཤིས་དགོན་པར་སྤེལ་བའི་སངས་རྒྱས་འཁྲུངས་སྐར་གྱི་ཚོགས་མཆོད་ཆེན་མོར་ཞུགས་སྐབས། ལོ་ཟླ་རྟགས་ཅན་གྱི་གྲུ་གཟིངས་ཀྱི་ཆག་སྒོའི་ཐད་རྒྱལ་དམངས་ལ་དགོངས་དག་ཐུགས་བདེན་ཞུས་ཡོད་པ་རེད།

ཕིའོ་ཅིན་ཧུའེ་ཡིས་རང་ཉིད་ཙུང་ཐུང་ཡིན་པའི་ངོས་ནས་རྒྱལ་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་ངེས་ཡིན་རུང་། གློ་བུར་དུ་ཕྲུ་གུ་དང་གཉེན་བཤེས་ཁ་བྲལ་བའི་ཁྱིམ་བདག་ལ་སེམས་གསོ་གང་འདྲ་ཞུ་རྒྱུ་དང་སྐྱོ་གདུང་ཆེན་པོས་དགོངས་དག་ཐུགས་བདེན་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཕིའོ་ཅིན་ཧུའེ་ཡིས་འབྱུང་རྩ་ནས་མིག་སྔའི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་ལག་ལ་སྒྱུར་བཅོས་བྱས་ཏེ། རྒྱལ་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོབ་བྱས་ནས་སྐྱོ་གནས་དེ་རིགས་བསྐྱར་དུ་མི་ཐོན་པ་འགན་སྲུང་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག

སྤྱི་ཚེས6ཉིན་བར་སླེབས་དུས་གྲུ་གཟིངས་ཀྱི་ཆག་སྒོ་དེའི་ནང་མི263རྐྱེན་ལམ་དུ་ཤོར་བ་དང་མི39སྔར་བཞིན་གར་སོང་མེད་པ་རེད།

གཞན་ཡང་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཁོ་རེ་ཡའི་དམངས་ཁྲོད་ཆུ་འཛུལ་པ་རུས་མིང་དུ་ལི་ཞེས་པ་ཉིན་དེ་རང་གི་སྔ་དྲོ་འཚོལ་སྐྱོབ་ལས་འགན་སྒྲུབ་སྐབས། རྐྱེན་ལམ་དུ་ཤོར་ཡོད་པས་ཆུ་འོག་གི་འཚོལ་སྐྱོབ་ལས་ཀ་གནས་སྐབས་མཚམ་བཞག་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག