མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པི་ཡའི་འོས་སྒུག་ཙུང་ལིས་བརྙན་འཕྲིན་གསུང་བཤད་སྤེལ་ནས་སྲིད་འཛིན་འཐབ་ཇུས་རྒྱས་བཤད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-07 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིོན་ལྟར། ལི་པི་ཡའི་གནས་སྐབས་སྲིད་གཞུང་གི་འོས་སྒུག་ཙུང་ལི་མ་ཏི་གེས་སྤྱི་ཚེས6ཉིན་བརྙན་འཕྲིན་གསུང་བཤད་སྤེལ་ནས་ལི་པི་ཡའི་མི་དམངས་ལ་ཁོང་གི་སྲིད་འཛིན་འཐབ་ཇུས་རྒྱས་བཤད་གནང་ཡོད་པ་རེད། དེ་ནི་མ་ཏི་གེ་གནས་སྐབས་སྲིད་གཞུང་གི་ཙུང་ལིར་བདམས་ཐོན་བྱུང་རྗེས་བརྙན་འཕྲིན་གསུང་བཤད་སྤེལ་ཐེངས་དང་པོ་ཡིན་པ་རེད།

འདི་ཟླའི་ཚེས4ཉིན། ལི་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཁང་གིས་འདེམས་ཤོག་འཕེན་པ་བརྒྱུད་མ་ཏི་གེ་ལི་པི་ཡའི་གནས་སྐབས་སྲིད་གཞུང་གི་ཙུང་ལིར་བདམས་ཐོན་བྱུང་བ་དང་། ཁོང་གིས་ཉིན15ནང་ནང་བློན་ཁང་གསར་པ་འཛུགས་རྒྱུ་མ་ཟད་རྒྱལ་དམངས་གྲོས་ཚོགས་ཁང་གིས་འདེམས་ཤོག་འཕེན་ནས་བརྡས་ཐག་གཅོད་རྒྱུ་དང་ལེན་ཞུ་རྒྱུ་ཡིན་པ་རེད། ནང་བློན་ཁང་འཛུགས་རྒྱུ་ལེགས་གྲུབ་བྱུང་རྗེས་མ་ཏི་གེས་སྤྱི་ཟླ4ཚེས13ཉིན་རང་ཉིད་དང་ཁྱིམ་མིར་སྲོག་ཉེན་འཇིགས་སྐུལ་འཕྲད་པར་ཁ་གཡར་ནས་དགོངས་ཞུ་བྱས་པའི་ས་ཉིའི་ཚབ་བྱས་ནས་ལི་པི་ཡའི་གནས་སྐབས་སྲིད་གཞུང་གི་ཙུང་ལིའི་འགན་དངོས་སུ་བཞེས་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག