མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཝུ་ཁེ་ལན་ཕྱོགས་ཁག་ནས་སྐད་ཆ་ཤོད་རེས་ནང་ཞུགས་དགོས་པའི་རེ་འབོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-07 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་བྱ་དོན་གྱི་མཐོ་རིམ་ཀྲོན་ཡོན་གྱི་གཞུང་ལས་ཁང་གིས་སྤྱི་ཚེས6ཉིན་རེ་ནི་ཝར་ཝུ་ཁེ་ལན་འབྲེལ་ཡོད་ཕྱོགས་ཁག་ནས་སྐད་ཆ་ཤོད་རེས་ཧུར་ཐག་བྱས་ནས་མིག་སྔའི་ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་དགོས་པའི་རེ་འབོད་བྱས་འདུག

སྤྱི་ཟླ5ཚེས2ཉིན། ཝུ་ཁེ་ལན་དམག་དཔུང་གི་ཉེན་རྟོག་ནས་གློ་བུར་དུ་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པས་ཚོད་འཛིན་བྱས་པའི་སི་ལ་ཝེ་ཡང་སི་ཁེར་དཔུང་འཇུག་བྱས་པ་དང་། དུས་མཚུངས་སུ་ཨའོ་ཏེ་སར་སྲིད་གཞུང་དང་ཉེ་པོ་བྱེད་མཁན་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་མང་ཚོགས་བར་གདོང་ཐུག་ཤོར་བ་དང་མི46རྐྱེན་ལམ་དུ་ཤོར་བ་དང་མི214རྨས་སྐྱོན་བཏང་ཡོད་པ་རེད། ཟླ་བ་ཁ་ཤས་རྒྱུན་མཐུད་བྱས་པའི་ཝུ་ཁེ་ལན་གྱི་ཉམས་ཉེན་གློ་བུར་དུ་སྡུག་ཏུ་ཕྱིན་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག