མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཐེ་ལན་གྱི་རྩ་ཁྲིམས་ཁྲིམས་ཁང་གིས་སྤྱི་ཚེས་༧ཉིན་དབྱིན་ལས་རྩ་ཁྲིམས་དང་རྒྱབ་འགལ་བྱས་པའི་གྱོད་གཞི་ཁྲིམས་ཐག་གཅོད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-05-07 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེ་ལན་གྱི་གནས་སྐབས་ཙུང་ལི་དབྱིན་ལས་སྤྱི་ཚེས6ཉིན་རང་ཉིད་ནས་སྤྱི་ལོ2011ལོར་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེའི་འགན་འཁུར་མཁན་ཐ་ཝུན་ལས་འགན་དེ་ནས་ཕྱིར་འཐེན་བྱས་པའི་བྱ་སྤྱོད་དེ་དབང་ཆ་གང་བྱུང་བེད་སྤྱོད་བཏང་བའི་གྲས་སུ་ཚུད་པ་ཁས་ལེན་བྱས་མེད་པ་དང་། རྩ་ཁྲིམས་ཁྲིམས་ཁང་གིས་སྤྱི་ཚེས7ཉིན་གྱོད་གཞི་དེ་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་རེད།

སྤྱི་ཟླ4ཚེས2ཉིན། རྩ་ཁྲིམས་ཁྲིམས་ཁང་གིས་མགྲིན་གཅིག་ཏུ་གྲོས་ཚོགས་སྟོད་པའི་གྲོས་མི28ཀྱིས་གོང་འབུལ་ཞུས་པའི་དབྱིན་ལའི་རྩ་ཁྲིམས་དང་རྒྱལ་འགལ་བྱས་པའི་གྱོད་གཞི་བདག་སྤྲོད་བྱེད་རྒྱུའི་མོས་མཐུན་བྱས་ཡོད་པ་རེད། གྲོས་མི་དེ་དག་གིས། དབྱིན་ལས་སྤྱི་ལོ2011ལོའི་ཟླ9ཚེས30ཉིན་ཐ་ཝུན་ལས་གནས་ཐོག་ནས་ཕྱིར་འཐེན་བྱས་པའི་བྱ་སྤྱོད་དེ་དབང་ཆ་གང་བྱུང་དུ་བེད་སྤྱོད་བཏང་ནས་རང་ཉིད་ཀྱི་སྒེར་དོན་སྒྲུབ་པར་དོགས་པ་ཡོད་པ་དང་རྩ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་རྒྱབ་འགལ་བྱས་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད། ཐེ་ལན་ཆེས་མཐོའི་ཁྲིམས་ཁང་གིས་ད་ལོའི་སྤྱི་ཟླ3ཚེས7ཉིན་སྐབས་དེ་དུས་ཀྱི་མི་དོན་བསྐོ་འཐེན་གོ་མི་ཆོད་པའི་ཁྲིམས་ཐག་བཅད་པ་མ་ཟད་གནས་སྐབས་སྲིད་གཞུང་གིས་གང་མགྱོགས་ངང་ཐ་ཝུན་གྱི་གོ་གནས་སླར་གསོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག