མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧང་ག་རི་ཡིས་ཕོ་ལན་གྱིས་བཏོན་པའི་ནུས་ཁུངས་མནའ་འབྲེལ་ཇུས་གཞི་ལ་རྒྱབ་སྐྱོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས་ལྔ་ཉིན་ཧྭ་ཧྲ་ནས་འཚམས་འདྲིར་ཡོང་བའི་ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཕོ་ལན་གྱིས་བཏོན་པའི་ནུས་ཁུངས་མནའ་འབྲེལ་ཇུས་གཞི་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།

ཕོ་ལན་གྱི་ཙུང་ལིའི་བཞུགས་ཤག་གི་མགྲིན་ཚབ་པ་པུའུ་བོ་ནེ་སི་ཁཱ་ཡིས་མཚམས་སྦྱོར་བྱས་དོན། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་གཙོ་བོ་ཝུའུ་ཁི་ལན་གྱི་གནས་བབ་དང་ནུས་ཁུངས་བདེ་འཇགས་གནད་དོན་ཐད་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་ཝེ་ཞེ་ཀི་ལཱ་ཏི་སྡེ་ཚོགས་དང་ཕྱོགས་གཉིས་ཀྱི་མཉམ་ལས་གནད་དོན་ལའང་གྲོས་བསྡུར་བྱས་ཟེར།

གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐུའུ་སི་ཁི་ཡིས་བསྟན་དོན། ཨིག་ཨར་པན་གྱིས་ཕོ་ལན་གྱིས་བཏོན་པའི་ནུས་ཁུངས་མནའ་འབྲེལ་ཇུས་གཞི་ལ་རྒྱབ་སྐྱོར་བྱེད་པ་དང་། ཇུས་གཞི་དེའི་དམིགས་ཡུལ་ནི་ཕོ་ལན་དང་ཧང་ག་རི་རྒྱལ་ཁབ་གཉིས་དང་ཡོ་རོབ་གླིང་གི་ནུས་ཁུངས་སྒེར་ཚུགས་ལ་ཁག་ཐེག་བྱེད་པའི་ཆེད་དུ་ཡིན་ཟེར། ཐུའུ་སི་ཁི་ཡིས་བལྟས་ན། རྣམ་པ་གང་རུང་གི་སྒེར་སྡེམ་བྱེད་མི་རུང་བ་དང་། ཁྱད་པར་དུ་ནུས་ཁུངས་ཁྱབ་ཁོངས་ནས་མི་རུང་བས། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཁུངས་ཀྱི་སྒེར་སྡེམ་སོགས་མེད་པར་གཏོང་དགོས་པར་འདོད།

ཝུའུ་ཁི་ལན་གྱི་གནས་བབ་ཐད་ནས་ཐུའུ་སི་ཁི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ལྟ་ཚུལ་ཕལ་ཆེར་གཅིག་མཚུངས་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཞི་བའི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་རེ་བ་བཅངས་ཡོད་ལ། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་རྒྱལ་ནང་གི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་ཟེར།

ཨིག་ཨར་པན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པ་བསྐྱར་འཛུགས་བྱེད་པར་རེ་བ་བྱས་ཡོད་ཅིང་། ཧང་ག་རི་སྲིད་གཞུང་གིས་ཕོ་ལན་བར་གྱི་སྲོལ་རྒྱུན་མཛའ་མཐུན་ལ་ཤུགས་སྣོན་བྱེད་རྒྱུ་མ་ཟད། ཕོ་ལན་གྱིས་ཡོ་རོབ་གླིང་དབུས་མ་ནས་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག