མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཁྲག་བཞུར་འཁྲུག་རྩོད་མུ་མཐུད་དུ་རྒྱུན་བསྲིངས་པ་དང་ཕན་ཅི་ཝུན་གྱིས་ཉམས་ཉེན་གྱི་འདུམ་འགྲིག་པ་བྱེད་འདོད་ཡོད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:12

乌克兰流血冲突持续 潘基文称愿作危机调停人.jpg

  ཟླ་ལྔ་བའི་ཚེས་གཉིས་ཉིན། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་དམག་དཔུང་མངག་ནས་སི་ལཱ་ཝེ་དབྱང་སི་ཁིའི་མཐའ་བསྐོར་ཏེ་དམག་དོན་འགུལ་སྐྱོད་སྤེལ་རྩིས་བྱེད་བཞིན་ཡོད། ཨུ་རུ་སི་ཡིས་དེ་ནི་མི་སེར་དཀྱུས་མར་དམིགས་པའི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པའི་རྒོལ་གཏམ་བཏང་ཡོད་པ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་སྲིད་གཞུང་དམག་དཔུང་དང་ཨུ་རུ་སི་ལ་བློ་ཉེ་བའི་དྲག་ཆས་ཉེས་ཅན་བར་ཚེས་ལྔ་ཉིན་མུ་མཐུད་དུ་འཁྲུག་རྩོད་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིན་དེར་བསྟན་དོན། ཝུའུ་ཁི་ལན་ཉམས་ཉེན་གྱི་འདུམ་འགྲིག་པ་བྱེད་འདོད་ཡོད་ཟེར།

 འབྲེལ་ཡོད་ཕྱོགས་ཀྱིས་འཁྲུག་རྩོད་ལས་བྱུང་བའི་ཤི་རྨས་ཁ་གྲངས་བསྒྲགས་པ་གཅིག་མཚུངས་ཡིན་ལ། ཝུའུ་ཁི་ལན་ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་སི་ལཱ་ཝེ་དབྱང་སི་ཁི་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་གྱི་འཁྲུག་རྩོད་ལས་སྲིད་གཞུང་གི་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སུམ་ཅུ་ཙམ་ལ་རྨས་ཕོག་ཡོད་ཟེར། ཨུ་རུ་སི་ལ་བློ་ཉེ་བའི་དྲག་ཆས་ཕྱོགས་ཁག་གིས་བསྟན་དོན། ཝུའུ་ཁི་ལན་གྱི་སྲིད་གཞུང་དམག་དཔུང་གིས་སི་ལཱ་ཝེ་དབྱང་སི་ཁིའི་དཔུང་འཇུག་འགུལ་སྐྱོད་ཁྲོད་མི་སེར་དཀྱུས་མ་འདུས་པའི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉི་ཤུ་ནས་མི་ཉེར་ལྔར་རྨས་ཕོག་ཡོད་ཟེར།

  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་བསྟན་དོན། ཁོས་མིག་སྔར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས་ཨུ་རུ་སི་དང་ཝུའུ་ཁི་ལན། ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་མགོ་ཁྲིད་པར་འབྲེལ་འདྲིས་བྱེད་བཞིན་ཡོད་ཟེར། ཁོས་ཨུ་རུ་སི་དང་ཝུའུ་ཁི་ལན། ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཕྱོགས་བཞིས་ཞི་བའི་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། དགོས་གལ་ཡོད་ན་ཁོས་བར་འདུམ་བྱས་ཆོག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག