མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱའི་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ཞེ་བདུན་པ་ཨ་སི་ཐཱ་ནཱ་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱའི་གསར་སྤེལ་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ཞེ་བདུན་པ་ཚེས་བཞི་ཉིན་ནས་ཚེས་ལྔ་ཉིན་བར་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་ཚོགས། ཧཱ་སག་སི་ཐན་གྱི་དཔལ་འབྱོར་དང་སྔོན་རྩིས་འཆར་འགོད་པུའུ་ཡི་པུའུ་ཀྲང་ཏའོ་སཱ་ཡེ་ཧྥུའུ་ཡིས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཨེ་ཤ་ཡཱའི་དངུལ་ཁང་གི་ཁོངས་གཏོགས་ལས་འཛིན་དང་། འབྲེལ་ཡོད་ཀྱི་དངུལ་ལོར་ལས་ཁུངས་ཀྱི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལོའུ་ཅི་ཝེ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་གཙོ་བོ་ཨེ་ཤ་ཡཱ་ཡིས་ཇི་ལྟར་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་མངོན་འགྱུར་བྱེད་པ་དང་། རྒྱལ་སྤྱིའི་དངུལ་ལོར་ཉེན་ཁ་ཐག་གཅོད་བྱེད་པ། ཨེ་ཤ་ཡཱའི་དངུལ་ཁང་དང་ཡོང་འབབ་འབྲིང་གི་རྒྱལ་ཁབ་བར་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། ཨེ་ཤ་ཡཱའི་དངུལ་ཁང་གི་ལས་ཁུངས་ནུས་པ་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས།

གྲོས་ཚོགས་སྐབས་སུ། ལོའུ་ཅི་ཝེ་ཡིས་ཨེ་ཤ་ཡཱའི་དངུལ་ཁང་གི་མགོ་བ་ཀྲུང་ཝེ་ཝུའུ་ཡན་དང་གྲོས་མོལ་བྱས་པར་མ་ཟད། སོ་སོར་རྒྱ་གར་དང་ཕཱ་ཁི་སི་ཐན། སིང་ག་ལཱ། བྷང་ག་ལཱ། ཅིར་ཅི་སི་སི་ཐན། ནེའུ་ཙེ་ལན་སོགས་རྒྱལ་ཁབ་ཀྱི་ནོར་སྲིད་བློན་ཆེན་དང་འཐུས་ཚབ་ཚོགས་པའི་ཚོགས་གཙོ། དེ་མིན་ཧཱ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་བློན་ཆེན། དཔལ་འབྱོར་དང་སྔོན་རྩིས་འཆར་འགོད་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་དངུལ་ཁང་གི་མགོ་བ་བཅས་ལ་དུས་བཅད་ལྟར་ཐུག་འཕྲད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག