མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་ཡིས་ཚེས་ལྔ་ཉིན་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་གྲོས་མོལ་བྱས་ཏེ་མ་འོངས་པའི་ལམ་ལུགས་ལ་གྲོས་བསྡུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཁཱ་ལཱ་ཞིན་གྱིས་ཉིན་དེར་ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་ལ་གཏམ་བཤད་སྤེལ་ཏེ། གྲོས་མོལ་དེ་འདྲ་དགོས་གལ་ཧ་ཅང་ཆེ་ཡང་། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཅི་ཧྥུའུ་སྲིད་དབང་གིས་གྲོས་མོལ་བྱེད་འདོད་ཡོད་མེད་ཀྱང་གནད་དོན་ཞིག་རེད་ཟེར། ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་རང་གི་དྲ་ཚིགས་སྟེང་དཔྱད་བརྗོད་སྤེལ་ཏེ། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཤར་ཕྱོགས་ས་ཁུལ་གྱི་འགུལ་སྐྱོད་ལས་གྲོང་ཁྱེར་དེ་དག་ལ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་སྲིད་པ་དང་། མཐའ་བསྐོར་བའི་གྲོང་ཁྱེར་དུ་སྨན་རྫས་དཀོན་པ་དང་ཟས་རིགས་མཁོ་འདོན་ཡང་མཚམས་ཆད་བཞིན་ཡོད་ལ། མི་ཆོས་རིང་ལུགས་ཀྱི་གནོད་འཚེ་འབྱུང་ཉེན་ཡོད་ལ། ཝུའུ་ཁི་ལན་གྱི་དམག་དཔུང་གིས་འགུལ་སྐྱོད་སྤེལ་སྐབས་མི་སེར་དཀྱུས་མར་ཤི་རྨས་ཆེན་པོ་བཟོས་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཡང་བསྐྱར་ཅི་ཧྥུའུ་ནས་མི་སེར་དཀྱུས་མར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བཟོ་བའི་མི་དེ་དག་གིས་ཁྲག་བཞུར་འཁྲུག་རྩོད་མཚམས་འཇོག་པ་དང་། དམག་དཔུང་ཕྱིར་འཐེན་བྱས་ཏེ། མཇུག་མཐར་གྲོས་མོལ་བྱས་ནས། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་མགོ་རྩོམ་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག