མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡིས་སི་ལཱ་ཝེ་དབྱང་སི་ཁིའི་དམངས་དམག་ལ་འཐབ་འཛིང་གནམ་གྲུ་བཀོལ་རྒྱུ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཏོན་ནེ་ཚི་ཁི་ཀྲིག་སི་ལཱ་ཝེ་དབྱང་སི་ཁིའི་དམངས་དམག་ལ་འཐབ་འཛིང་གནམ་གྲུ་བཀོལ་སྤྱོད་བྱས་ཟེར།

རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། དམངས་དམག་གིས་རྡོ་སོལ་སྐྱེལ་འདྲེན་བྱེད་པའི་མེ་འཁོར་དེ་འཁྲབ་ལྡན་མེ་འཁོར་དུ་བསྒྱུར་རྩིས་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལན་ལྷོ་ཕྱོགས་ས་ཁུལ་དུ་མིག་སྔར་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་རྒྱབ་སྐྱོར་མཁན་གྱི་གཞི་རྒྱ་ཆེ་བའི་འདུ་ཚོགས་སྤེལ་བཞིན་ཡོད་པ་དང་། དྲག་ཆས་མི་སྣས་གནས་དེར་དམིགས་བསལ་འགུལ་སྐྱོད་སྤེལ་བཞིན་ཡོད་ལ། ཕྱོགས་གཉི་གར་ཤི་རྨས་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག