མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་གིས་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དུས་ལྟར་སྤེལ་དགོས་པ་ནན་བཤད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-06 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་ལྔ་ཉིན་ཕཱ་རེ་སི་ནས་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་དུས་ལྟར་སྤེལ་དགོས་པ་དང་། གནད་དོན་གང་རུང་གིས་ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་བར་ཆད་བཟོ་ཐབས་མེད་ཟེར།

ཨོ་ལིང་ཏི་ཡིས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་མཉམ་དུ་ཙུང་ཐུང་བཞུགས་ཤག་ཨེ་ལེ་ཧྲི་ཕོ་བྲང་ནས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ཆེན་མོ་དེ་ཝུའུ་ཁི་ལན་གྱི་མངའ་ཁོངས་ནས་སྤེལ་དགོས་པ་དང་། ཕྱོགས་སོ་སོས་གྲོས་མཐུན་ཞིབ་མོ་བཀོད་དགོས། དེ་ལྟར་བྱས་ན་འདེམ་བསྐོའི་བྱ་འགུལ་ཆེན་མོ་དང་དེའི་མཇུག་འབྲས་ད་གཟོད་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་ཟེར། ཁོས་བཤད་རྒྱུར། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་སྲིད་གཞུང་ལ་ཁ་ཏ་བྱེད་འདོད་ཡོད་པ་དང་། ཁྱད་པར་དུ་ཙུང་ཐུང་ཕུའུ་ཅིན་ལ་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ནི་གྲོས་མོལ་ལ་བརྟེན་ནས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་དེ་ཡིན་པ་ཤེས་སུ་འཇུག་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག