མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་སག་སི་ཐན་དང་ཨེ་ཤ་ཡཱའི་དངུལ་ཁང་གིས་དངུལ་ལོར་ཁྱབ་ཁོངས་ཀྱི་གྲོས་མཐུན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ལི་མཱ་ཞི་མའོ་ཧྥུའུ་དང་ཨེ་ཤ་ཡཱའི་དངུལ་ཁང་གི་མགོ་བ་ཀྲུང་ཝེ་ཝུའུ་ཡན་གཉིས་ཀྱིས་ཚེས་བཞིའི་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་མཉམ་འབྲེལ་དངུལ་ལོར་ཁྱབ་ཁོངས་ཀྱི་གྲོས་མཐུན་གསར་བ་ཞིག་བཀོད་པ་དང་། ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས།

གྲོས་མཐུན་གསར་བའི་ནང་། ཨེ་ཤ་ཡཱའི་དངུལ་ཁང་གིས་ཧཱ་སག་སི་ཐན་རྒྱལ་ཁབ་ཀྱིས་ཐེབས་རྩའི་ཁོངས་སུ་འདུ་བའི་ལས་གཞིར་ཕན་ནུས་ལྡན་པའི་དོ་དམ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་གཏན་འཁེལ་བྱས་ཡོད། ཧཱ་སག་སི་ཐན་རྒྱལ་ཁབ་ཀྱིས་ཧཱ་སག་སི་ཐན་གྱི་སྒོར་མོ་ཁྲག་ཁྲིག་གཅིག་བཏང་སྟེ་རྒྱལ་ནང་གི་བཟོ་ལས་ལས་གཞི་དང་ཁེ་ལས་ཆུང་འབྲིང་། དངུལ་ཁང་ལས་རིགས་བཅས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུའི་འཆར་གཞི་ཡོད།

ཨེ་ཤ་ཡཱའི་དངུལ་ཁང་གི་མགོ་བ་ཀྲུང་ཝེ་ཝུའུ་ཡན་གྱིས་བཤད་རྒྱུར། གྲོས་མཐུན་གསར་བས་གཙོ་བོ་དཔལ་འབྱོར་སྣ་མང་ཅན་དང་རྒྱུན་མཐུད་འཕེལ་རྒྱས། བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་བཅས་ལ་དམིགས་ཡོད་ཟེར། ཁོས་གྲོས་མཐུན་དེ་ཨེ་ཤ་ཡཱའི་དངུལ་ཁང་དང་ཧཱ་སག་སི་ཐན་གྱི་མཉམ་ལས་ལ་ཤུགས་སྣོན་ཐེབས་པའི་ཞོར་དུ་ཧཱ་སག་སི་ཐན་གྱི་དཔལ་འབྱོར་འགྲན་རྩོས་ནུས་པ་མཐོར་འདེགས་གཏོང་ཐུབ་པར་རེ་བས་ཁེངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག