མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཙུང་ཐུང་པཱ་ཧྲ་ཨར་ལ་སྐབས་རྗེས་མའི་ཙུང་ཐུང་གི་འདེམ་སྒུག་མི་སྣའི་ཐོབ་ཐང་ཐོབ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཆེས་མཐོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས་བཞི་ཉིན་ཙུང་ཐུང་འདེམ་བསྐོའི་འདེམ་སྒུག་མི་སྣའི་མིང་ཐོ་ཁྱབ་སྒྲོག་བྱས་པ་དང་། ད་ལྟའི་ཙུང་ཐུང་པཱ་ཧྲ་ཨར་དང་བཅས་པའི་མི་གསུམ་སི་རི་ཡཱའི་ཙུང་ཐུང་འདེམ་བསྐོའི་ཆ་རྐྱེན་འཚམ་པ་བྱུང་ནས། དངོས་སུ་ཟླ་དྲུག་པའི་ཙུང་ཐུང་འདེམ་བསྐོའི་འདེམ་སྒུག་པར་གྱུར།

སི་རི་ཡཱའི་ཆེས་མཐོའི་རྩ་ཁྲིམས་ཁྲིམས་ཁང་གི་མགྲིན་ཚབ་པ་ཧཱ་ཏི་ལཱ་ཡིས་ཚེས་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། འདེམ་སྒུག་མི་སྣའི་ཐོབ་ཐང་ཞིབ་བཤེར་གྱི་སྙན་ཞུ་བཏོན་པའི་མི་ཉེར་བཞིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པ་དང་། མི་དམངས་གྲོས་ཁང་གི་གྲོས་མིའི་འདེམ་ཤོག་འཕང་ནས་བརྡས་ཐག་བཅད་པ་བརྒྱུད། མཇུག་མཐར་པཱ་ཧྲ་ཨར་དང་བཅས་པའི་མི་གསུམ་གཏན་འཁེལ་བྱས། པཱ་ཧྲ་ཨར་ལས་གཞན་པའི་འདེམ་སྒུག་པ་གཉིས་ནི་སོ་སོར་ད་ལྟའི་སི་རི་ཡཱའི་མི་དམངས་གྲོས་ཁང་གི་གྲོས་མི་ཧཱ་ཅཱ་ཨར་དང་སྔོན་ཆད་ཀྱི་སྲིད་གཞུང་གི་པུའུ་ཀྲང་ནོའུ་ལི་ཡིན་ལ། ཁོ་ཚོ་ཟླ་དྲུག་པའི་ཚེས་གསུམ་ཉིན་གྱི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་རྒྱུ་རེད་ཟེར།

ཧཱ་ཏི་ལཱ་ཡིས་བཤད་རྒྱུར། ཚེས་ལྔ་ཉིན་ནས་བཟུང་། འདེམ་སྒུག་ཐོབ་ཐང་མ་ཐོབ་པའི་རེ་ཞུ་མཁན་རྣམས་ཀྱིས་ཉིན་གསུམ་ནང་ཆེས་མཐོའི་རྩ་ཁྲིམས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པའི་དབང་ཆ་ཡོད་ཟེར།

སི་རི་ཡཱའི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། འདེམ་སྒུག་མི་སྣའི་ཐོབ་ཐང་རེ་ཞུ་མཁན་གྱི་ཐོབ་ཐང་ཞིབ་བཤེར་བྱས་ཤིང་ཉུང་མཐར་ཡང་མི་དམངས་གྲོས་ཁང་གི་གྲོས་མི་སོ་ལྔའི་རྒྱབ་སྐྱོར་ཐོབ་ན། ད་གཟོད་འདེམ་སྒུག་མི་སྣ་དངོས་མར་འགྱུར་བའི་ཐོབ་ཐང་ཡོད་པ་ཡིན། དེའི་སྔོན་བསྒྲགས་པའི་གནས་ཚུལ་ལྟར་ན། གྲོས་ཁང་གི་ལས་གནས་ཉིས་བརྒྱ་དང་ལྔ་བཅུའི་ཁྲོད་ལས་གན་བརྒྱ་རེ་གཅིག་པཱ་ཧྲ་ཨར་གྱིས་མགོ་ཁྲིད་པའི་བསྐྱར་དར་ཏང་ལ་དབང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག