མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ། མཱ་ལེ་ཞི་ཡཱ་བཅས་ཕྱོགས་གསུམ་གྱིས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་ཏེ་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་འཚོལ་ཞིབ་ཇུས་གཞིར་ཞིབ་འཇུག་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་མཁའ་འགྲུལ་ཀུང་ཟིའི་གར་སོང་མ་རྙེད་པའི་འགྲུལ་སྐྱེལ་གནམ་གྲུའི་འཚོལ་ཞིབ་ཇུས་གཞིར་ཞིབ་འཇུག་དང་གཏན་འབེབས་བྱེད་ཆེད། ཨོ་སི་ཁྲུ་ལི་ཡཱ་དང་། མཱ་ལེ་ཞི་ཡཱ། ཀྲུང་གོ་བཅས་ཀྱིས་ཟླ་ལྔ་བའི་ཚེས་ལྔ་ཉིན་ཁན་ཕའེ་ལཱ་ནས་ཕྱོགས་གསུམ་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུ་རྒྱུ་རེད། ཀྲུང་གོའི་སྲིད་གཞུང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་དབྱང་ཁྲོན་ཐང་ཚོགས་གཙོ་ཡིན་པ་དང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཞེ་ཧང་ཧྲིན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧི་ཅན་ཀྲུང་གཉིས་ཀྱིས་ཚོགས་གཙོ་གཞོན་པའི་འགན་ཁུར་བའི་འཐུས་ཚབ་ཚོགས་པ་མངག་གཏོང་བྱེད་རྒྱུ་ཡིན་པ་དང་། ཀྲུང་གོའི་འཐུས་ཚབ་ཚོགས་པས་ད་རུང་སོ་སོར་ཨོ་སི་ཁྲུ་ལི་ཡཱ་དང་མཱ་ལེ་ཞི་ཡཱའི་བར་གྲོས་མོལ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག