མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་དབང་འཛིན་ལས་ཁུངས་ཀྱིས་རི་ཉིལ་ནས་གནོད་པ་ཐེབས་པའི་ཁྱིམ་ཚང་བརྒྱ་ཕྲག་འགར་རོགས་སྐྱོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་བཞི་ཉིན་བཤད་པ་ལྟར་ན། ཨ་ཧྥུའུ་ཧན་དབང་འཛིན་ལས་ཁུངས་ཀྱིས་རི་ཉིལ་བའི་གནོད་འཚེ་དབང་གིས་འགྲོ་སའི་ཁྱིམ་མེད་པའི་ཁྱིམ་ཚང་བདུན་བརྒྱ་ལ་རོགས་རམ་བྱས་ཟེར།

ས་དེའི་ཚེས་གཉིས་ཉིན། བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་པའི་དབང་གིས་ཨ་ཧྥུའུ་ཧན་བྱང་ཤར་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་ནས་རི་ཉིལ་བའི་དོན་རྐྱེན་ཚབས་ཆེན་བྱུང་། བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་བཞི་ཉིན་བར་བེམ་པོ་ཉིས་བརྒྱ་དང་ང་ལྔ་རྙེད་པ་དང་། གཞན་ད་རུང་མི་མང་བོ་གར་སོང་རྙེད་མེད་ལ། ཚོད་དཔག་བྱས་ན་མཇུག་མཐའི་ཤི་བོའི་ཁ་གྲངས་མི་ཉིས་སྟོང་བདུན་བརྒྱ་ལས་བརྒལ་སྲིད་ཟེར།

ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་བཤད་རྒྱུར། གནོད་ཁུལ་དུ་ཡང་བསྐྱར་རི་ཉིལ་བའི་ཉེན་ཁ་ཡོད་པས། གནོད་ཐེབས་ཁྱིམ་ཚང་ཚང་མ་གནས་གཞན་དུ་བསྐྱལ་ཡོད་ཟེར།

དཔོན་རིགས་དེས་ད་རུང་བསྟན་དོན། ཨ་ཧྥུའུ་ཧན་དབང་འཛིན་ལས་ཁུངས་ཀྱིས་སྔར་བཞིན་རི་ཉིལ་བ་ལས་རྐྱེན་ལམ་དུ་ཤོར་བའི་མིའི་ཁ་གྲངས་གསལ་བོར་ཤེས་མེད་ཟེར།

ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་དབང་འཛིན་ལས་ཁུངས་ཀྱིས་ཤི་བོ་ཉིས་བརྒྱ་དང་ལྔ་བཅུའི་ཐོབ་ཐང་ངོས་འཛིན་བྱས་ཡོད་པ་དང་། ཚོད་དཔག་བྱས་ན་སྡོད་ཁང་གྱན་སུམ་བརྒྱ་འདམ་ཟེགས་ཀྱིས་མནན་ཡོད་ལ། དབང་འཛིན་ལས་ཁུངས་ཀྱིས་གནོད་འཚེ་འབྱུང་སྐབས་མི་ག་ཚོད་སྡོད་ཁང་དུ་ཡོད་པ་གསལ་བོར་ཤེས་ཐབས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག