མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་བདེ་འཇགས་མི་སྣ་བསྡུ་ལེན་བྱེད་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ཧྲ་ས་ཁུལ་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་བཞི་ཉིན་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་བདེ་འཇགས་མི་སྣ་སྟོང་གསུམ་རང་གི་བདེ་འཇགས་དམག་དཔུང་ནས་བསྡུ་ལེན་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་བདེ་འཇགས་མི་སྣ་སྟོང་གསུམ་ཅཱ་ཧྲ་ས་ཁུལ་དུ་བཅའ་སྡོད་བྱས་ཏེ། ཧཱ་མཱ་སི་དང་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་རྩ་འཛུགས་ཧྥ་ཐཱ་ཧི་ཡིས་ཟླ་སྔོན་མར་བཀོད་པའི་འགྲིག་མཐུན་གྲོས་མཐུན་ལག་བསྟར་བྱེད་པར་ཡར་སྐུལ་གཏོང་བར་འཐད་པ་བྱུང་ཡོད་ཟེར། ཧཱ་མཱ་སི་ཡིས་གསལ་སྒྲོག་ནང་ནན་གྱིས་བསྟན་དོན། མཉམ་འབྲེལ་སྲིད་གཞུང་མ་བཙུགས་གོང་། ཧཱ་མཱ་སི་ཡི་བདེ་འཇགས་དམག་དཔུང་གིས་སྔར་བཞིན་ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་གནས་བབ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁུར་རྒྱུ་ཡིན་ཟེར།

ཧཱ་མཱ་སི་དང་ཧྥ་ཐཱ་ཧི་ཡིས་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ཕཱ་ལེ་སི་ཐན་ནང་ཁུལ་གྱི་ལོ་བདུན་ལྷག་གི་ཁ་བྲལ་གནས་བབ་མཇུག་སྒྲིལ་བར་དམིགས་པའི་འགྲིག་མཐུན་གྲོས་མཐུན་བཀོད་ཅིག་བཀོད་དེ། མ་འོངས་པའི་གཟའ་འཁོར་ལྔའི་ནང་མཉམ་འབྲེལ་སྲིད་གཞུང་འཛུགས་རྒྱུ་མ་ཟད། མཉམ་འབྲེལ་སྲིད་གཞུང་བཙུགས་རྗེས་ཀྱི་ཟླ་ངོ་དྲུག་གི་ནང་རྒྱལ་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ་བར་འཐད་པ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག