མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱེད་པའི་རྒྱལ་ཁབ་དག་གིས་བྱེད་ཐབས་སྤྱད་དེ་སི་རི་ཡཱའི་ཉམས་ཉེན་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱེད་པའི་ཅོར་ཏན་དང་། ཐུར་ཁེ། དབྱི་རག ལེ་པཱ་ནུན། ཨེ་ཅིབ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཚེས་བཞིའི་ཉིན་ཅོར་ཏན་གྱི་མཱ་ཧྥོ་ལཱ་ཁི་ཞིང་ཆེན་གྱི་ཀྲ་ཨར་ཐི་ལི་ཡུལ་གྱར་བའི་སྒར་ས་ནས་སྤེལ་བ་དང་། བྱེད་ཐབས་སྤྱད་དེ་སི་རི་ཡཱའི་ཉམས་ཉེན་གྱི་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་ཏཱ་དང་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཚི་པཱ་ལི། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཏཱ་ཝུའུ་ཐི་ཨོ་ལུའུ། ལེ་པཱ་ནུན་གྱི་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཏཱ་ཨར་པཱ་སི། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡི་ཨ་ཧྥེ་རི་ཁ་གླིང་གི་ལས་དོན་གྱི་འགན་ཁུར་བའི་པུའུ་ཀྲང་གཞོན་པ་ལོ་ཀྲ་ཧི། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀུའུ་ཐི་ལོས་སི་སོགས་གྲོས་ཚོགས་ལ་ཞུགས།

ཀྲུའུ་ཏཱ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་སི་རི་ཡཱའི་ཉམས་ཉེན་ལས་བྱུང་བའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཐག་གཅོད་བྱེད་པར་གྲོས་བསྡུར་དང་ཞིབ་འཇུག་བྱེད་པའི་ཆེད་དུ་ཡིན་ཟེར། ཀྲུའུ་ཏཱ་ཡིས་ནན་གྱིས་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱས་ན་ད་གཟོད་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་མཇུག་སྒྲིལ་ཐུབ་ཟེར། ཁོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་ལས་ཁུངས་དག་གིས་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། སྔར་ལས་ལྷག་པར་རོགས་སྐྱོར་བྱེད་དགོས་པ་ནན་བཤད་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག