མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་དང་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་དངོས་ཡོད་དང་མཐུན་པའི་སྒོ་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-05 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཞིའི་ཉིན་བཤད་རྒྱུར། ཨུ་རུ་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་དང་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཁི་ལན་གྱི་མིག་སྔའི་གནས་བབ་ལ་མྱུར་དུ་དངོས་ཡོད་དང་མཐུན་པའི་སྒོ་ནས་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་ཉིན་དེར་སྤེལ་བའི་དཔྱད་བརྗོད་ལས་བཤད་རྒྱུར། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་ནས་སྡོད་དམངས་ཀྱི་སྡོད་གནས་ལ་གཙང་བཤེར་བྱེད་པའི་འགུལ་སྐྱོད་སྤེལ་བའི་ཞོར་དུ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་ནས་བྱུང་བའི་སྐྱོ་སྡུག་གི་དོན་རྐྱེན་དེའི་གནས་ཚུལ་བསྒྲགས་པར་བཀག་འགོག་བྱས་པས། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་དང་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ལ་མྱུར་དུ་དངོས་ཡོད་དང་མཐུན་པའི་དཔྱད་འཇོག་བྱེད་དགོས་པའི་རེ་བ་བཏོན་པ་ཡིན་ཟེར།

གཞན་ཡང་ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཁཱ་ལཱ་ཞིན་གྱིས་ཉིན་དེར་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ལ་བྱེད་ཐབས་སྤྱད་དེ་ནག་ཉེས་སྲིད་ཇུས་མཚམས་འཇོག་ཏུ་འཇུག་དགོས་པར་འདོད་ཡོད་ཟེར། ཁཱ་ལཱ་ཞིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་ལྷོ་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། མི་རིགས་རིང་ལུགས་ཀྱི་ཉེས་ཅན་གྱི་ཝུའུ་ཁི་ལན་ལྷོ་ཕྱོགས་ས་ཁུལ་ནས་སྤེལ་བའི་ཚོད་མེད་པའི་བྱ་སྤྱོད་དེར་སུས་ཀྱང་བཟོད་སྒོམ་བྱེད་ཐབས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག