མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ནུས་ཁུངས་པུའུ་ཀྲང་གིས་ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་རང་བྱུང་སོལ་རླངས་ཀྱི་གསོག་འཇོག་ཐད་འགན་ཁུར་དགོས་པའི་སྐུལ་མ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ནུས་ཁུངས་པུའུ་ཀྲང་ནོའུ་ཝ་ཁི་ཡིས་ཚེས་གསུམ་ཉིན་གསར་འགོད་པར་གླེང་མོལ་བྱེད་སྐབས་ཝུའུ་ཁི་ལན་གྱི་ས་འོག་གི་རང་བྱུང་སོལ་རླངས་གསོག་འཇོག་གནས་བབ་ལ་བྲེལ་མྱུར་ཆེ་བར་བཤད་པ་དང་། ཁོས་ཝུའུ་ཁི་དབང་འཛིན་ལས་ཁུངས་དང་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་མཉམ་དུ་བྱེད་ཐབས་སྤྱད་དེ་རང་བྱུང་སོལ་རླངས་ཀྱི་གསོག་མཛོད་ཁང་འཛུགས་དགོས་པའི་སྐུལ་མ་བཏང་།

ནོའུ་ཝ་ཁི་ཡིས་བཤད་རྒྱུར། ཟླ་ལྔ་བའི་ཚེས་གཉིས་ཉིན་ཧྭ་ཧྲ་ནས་བསྡུས་པའི་ཕྱོགས་གསུམ་གྱི་གྲོས་མོལ་སྟེང་། ཝུའུ་ཁི་ལན་གྱི་ནུས་ཁུངས་དང་སོལ་གཏེར་བཟོ་ལས་པུའུ་ཡི་པུའུ་ཀྲང་ཕུའུ་ལོ་ཏན་གྱིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ས་འོག་གི་གསོག་མཛོད་ཁང་དུ་དབྱར་དུས་བཀོལ་བའི་སོལ་རླངས་འདང་ཚིམས་པ་གསོག་པར་ཁག་ཐེག་བྱེད་ཐབས་མེད་པས། ཝུའུ་ཁི་ལན་བརྒྱུད་ནས་ཡོ་རོབ་གླིང་དུ་བརྒྱུད་སྤྲོད་བྱེད་པའི་གན་རྒྱ་བཞག་པའི་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་མཁོ་འདོན་ལའང་ཁག་ཐེག་བྱེད་ཐབས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག