མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱིས་ཨ་རབ་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་ནང་རྐྱེན་འཛུགས་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་སྤྱི་ཚོགས་ལས་དོན་པུའུ་ཀྲང་ཏཱ་ཨར་པཱ་སི་ཡིས་ཚེས་གསུམ་ཉིན་ཨ་རབ་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་ནང་རྐྱེན་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཏཱ་ཨར་པཱ་སི་ཉིན་དེར་ཅོར་ཏན་དུ་སོང་ནས་སི་རི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སི་རི་ཡཱའི་ཡུལ་གྱར་བའི་ལས་དོན་གྱི་པུའུ་ཀྲང་གྲོས་ཚོགས་ལ་ཞུགས། ཁོས་པེ་རུ་ཐི་གནམ་གྲུ་ཐང་ནས་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། ལེ་པཱ་ནུན་གྱིས་སི་རི་ཡཱའི་ཉེ་འཁོར་རྒྱལ་ཁབ་དང་། ཨ་རབ་རྒྱལ་ཁབ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ཀྱིས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ཐད་ནས་སྲིད་ཇུས་དང་ཐབས་ཇུས་གསལ་བོ་ཞིག་གཏན་འབེབས་བྱེད་པར་རེ་བས་ཁེངས་ཡོད་ཟེར། ཁོས་བསྟན་དོན། ཨ་རབ་རྒྱལ་ཁབ་ཀྱིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་ནང་རྐྱེན་འཛུགས་པར་གྲོས་བསྡུར་བྱེད་དགོས་ཟེར།

ཏཱ་ཨར་པཱ་སི་ཡིས་རྒྱལ་སྤྱིའི་རྩ་འཛུགས་རེ་འགས་ལེ་པཱ་ནུན་ཡུལ་གྱར་བའི་མཛོད་ཁང་ལྟ་བུར་གཏོང་རྩིས་བྱས་པར་སྐྱོན་བརྗོད་བྱས། ཁོས་བཤད་རྒྱུར། ད་ལྟ་སི་རི་ཡཱའི་ཡུལ་གྱར་བའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཧ་ཅང་སྡུག་པར་མ་ཟད། སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱེད་པའི་ལེ་པཱ་ནུན་གྱི་སྡོད་དམངས་ཀྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཡང་ཧ་ཅང་སྡུག་ཟེར།

ཏཱ་ཨར་པཱ་སི་ཡིས་བསྟན་དོན། ལེ་པཱ་ནུན་ནི་རྒྱལ་ཁབ་ཉམ་ཆུང་ཞིག་ཡིན་པ་དང་། སི་རི་ཡཱའི་ཡུལ་གྱར་བ་དེ་འདྲའི་མང་བོར་ཁག་ཁུར་བྱེད་པའི་ནུས་པ་མེད་ཟེར། ཁོས་བཤད་རྒྱུར། འཛམ་གླིང་དངུལ་ཁང་གི་སྙན་ཞུ་ལྟར་ན། སི་རི་ཡཱའི་ཤུགས་རྐྱེན་འོག་ལེ་པཱ་ནུན་གྱི་འདས་པའི་ལོ་གཉིས་ནང་མེ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་ལྔ་ཡི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པ་དང་། སྙན་ཞུ་ལས་ཚོད་དཔག་བྱས་པ་ལྟར་ན། ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་བར་ལེ་པཱ་ནུན་ལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་གྱི་བྲེལ་མྱུར་རོགས་སྐྱོར་མཁོ་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག