མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨན་པའེ་ཅིན་སན་གྱིས་ཡོ་རོབ་གླིང་དུ་འཚམས་འདྲི་བྱས་ཏེ་ཏེའོ་ཡུས་གླིང་ཕྲན་གྱི་རྩོད་གཞི་ཐད་ནས་རྒྱབ་སྐྱོར་བརྩོན་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཡོ་རོབ་གླིང་དུ་འཚམས་འདྲི་བྱས་རྗེས། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཀྱང་ཡོ་རོབ་གླིང་དུ་འཚམས་འདྲི་བྱས། ཨན་པའེ་ཅིན་སན་གྱི་ཐེངས་འདིའི་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་དྲིལ་སྒྲོག་བྱ་འགུལ་སྤེལ་ཏེ། ཏེའོ་ཡུས་གླིང་ཕྲན་གྱི་རྩོད་གཞི་སོགས་གནད་དོན་ཐད་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་སོ་སོའི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱེད་པའི་ཆེད་དུ་རེད་ཟེར།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ནས་ཟླ་ལྔ་བའི་ཚེས་བདུན་ཉིན་སྔ་གཞུག་ཏུ་འཇར་མན་དང་། དབྱིན་ཇི། ཕུའུ་ཐའོ་ཡཱ། སི་ཕན། ཧྥ་རན་སི། པུ་ལི་ཧྲི་བཅས་རྒྱལ་ཁབ་དྲུག་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། དེ་ནི་ཨན་པའེ་ཅིན་སན་གྱི་ཨོ་པཱ་མཱ་ཡིས་འཇར་པན་དུ་འཚམས་འདྲི་བྱས་རྗེས་ཀྱི་ཕྱི་འབྲེལ་བྱ་འགུལ་གལ་ཆེན་ཞིག་རེད། ཨན་པའེ་ཅིན་སན་གྱིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་འཇར་པན་གྱི་འགན་ཁུར་བའི་རྒྱལ་སྤྱིའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྣང་བརྙན་བསྐྲུན་ཏེ། མཚོན་ཆའི་ཕྱིར་གཏོང་གི་རྩ་དོན་གསུམ་ཇེ་ལྷོད་དུ་གཏོང་བར་ཁ་གཡོར་ས་འཚོལ་བའི་ཆེད་དུ་ཡིན་པ་དང་། དེ་ལས་གཞན་འཇར་པན་དང་ཀྲུང་གོའི་ཉིན་རེ་ཚབས་ཆེན་དུ་འགྱུར་བཞིན་པའི་གླིང་ཕྲན་རྩོད་གཞིའི་ཐད་ནས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་རྒྱབ་སྐྱོར་མཁན་འཚོལ་བའི་རེ་བ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག