མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-04 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་ཀྱིས་ཚེས་གསུམ་ཉིན་ཁ་པར་བརྒྱུད་དེ་ཝུའུ་ཁི་ལན་གྱི་གནས་བབ་ཐད་བྱེད་ཐབས་ནུས་ལྡན་སྤྱོད་པར་གྲོས་བསྡུར་བྱས།

ཁི་ལེ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཝུའུ་ཁི་ལན་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་ཀྱི་ནུས་པ་རྒྱ་བསྐྱེད་པར་གྲོས་བསྡུར་བྱས་ཟེར།

ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཚེས་གཉིས་ཉིན་གྱི་སྔ་མོ་ནས་བཟུང་ཏོན་ནེ་ཚི་ཁི་ཀྲིག་གི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་དུ་དཔུང་འཇུག་བྱས་པ་དང་། མཁའ་དམག་དང་འཁྲབ་ལྡན་འཁོར་ལོ་བཀོལ་སྤྱོད་བྱས་ཏེ་མི་སྣར་ཤི་རྨས་བྱུང་ཡོད་ཟེར། མའོ་སི་ཁི་ཡིས་ཅི་ཧྥུའུ་ཡི་འགུལ་སྐྱོད་ནི་ཆད་གཅོད་རང་བཞིན་གྱི་འགུལ་སྐྱོད་ཅིག་ཡིན་པ་དང་། དེས་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་གཏོང་བའི་རི་ནེ་ཝའི་གྲོས་མཐུན་ལག་བསྟར་བྱེད་པའི་མཇུག་མཐའི་རེ་བ་རྨེག་མེད་དུ་བཏང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག