མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་ནས་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི2500གར་སོང་མ་རྙེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་བྱང་ཤར་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ཧྲིན་ཀྲང་གིས་ཚེས་གཉིས་ཉིན་བཤད་རྒྱུར། ཞིང་ཆེན་དེའི་མི་སྟོང་གཉིས་དང་ལྔ་བརྒྱ་ལྷག་ཉིན་དེར་བྱུང་བའི་རི་ཉིལ་བའི་དོན་རྐྱེན་ཁྲོད་གར་སོང་རྙེད་མེད་ཟེར།

པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ཧྲིན་ཀྲང་ཨ་ཏིས་པུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཚོད་དཔག་བྱས་པ་ལྟར་ན། མི་སྟོང་གཉིས་དང་ལྔ་བརྒྱ་ལྷག་རི་ཉིལ་བའི་དོན་རྐྱེན་ཁྲོད་གར་སོང་རྙེད་མེད་པ་དང་། མང་ཆེ་བ་གཏིང་ཚད་ལ་སྨིད་ཉི་ཤུ་ལྷག་ཡོད་པའི་ས་རྡོའི་འོག་མནན་པས། སྲོག་ཉེན་ལས་ཐར་བའི་རེ་བ་ཧ་ཅང་ཉག་ཕྲ་ཟེར།

ཨ་ཏིས་པུའུ་ཡིས་བཤད་རྒྱུར། རི་ཉིལ་བའི་དོན་རྐྱེན་དེ་ཚེས་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་བྱུང་། མིག་སྔར་འདས་པོའི་བེམ་པོ་གསུམ་ལས་རྙེད་མེད་པ་དང་། གཞན་ཡང་རྨས་མ་བརྒྱ་ལྷག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

དེའི་སྔོན་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ཉེན་རྟོག་དཔོན་པོ་ཨ་ཡཱ་ཨར་གྱིས་བཤད་རྒྱུར། བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་པའི་དབང་གིས་རི་ཉིལ་བའི་དོན་རྐྱེན་བྱུང་བ་རེད། ཞིང་ཆེན་དེའི་སྡེ་བ་ཞིག་ལ་ཚེས་གཉིས་ཉིན་གྱི་ཞོགས་པར་གནོད་འཚེ་ཐེབས་པ་དང་། ཚོད་དཔག་བྱས་ན་ཉུང་མཐར་ཡང་མི་ཉིས་བརྒྱ་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། ཁང་བ་བཅུ་ཕྲག་འགའ་ས་རྡོའི་འོག་ཏུ་མནན་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། རི་ཉིལ་བའི་དོན་རྐྱེན་བྱུང་ས་དེ་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཧྥ་ཀྲ་པཱ་ཏི་དང་བར་ཐག་དུས་ཚོད་བཞིའི་ལམ་ཐག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག