མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་ཨ་པུའུ་ཅཱ་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི19རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-03 10:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དཔོན་ཕྱོགས་ཀྱིས་ཚེས་གཉིས་ཉིན་བདེན་དཔང་བྱས་དོན། ཚེས་གཅིག་ཉིན་ཨ་པུའུ་ཅཱ་ནས་བྱུང་བའི་འགས་གཏོར་དོན་རྐྱེན་ལས་མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཉུང་མཐར་ཡང་མི་དྲུག་ཅུ་ལ་རྨས་ཕོག་ཡོད་ཟེར།

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་མུའུ་པཱ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་བྱུང་ས་ནས་འགས་གཏོར་མ་བྱུང་བའི་རང་བཟོས་འགད་རྫས་གསུམ་རྙེད་ཡོད་ཟེར་ཡང་། ཁོས་དོན་དེར་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་ཡོད་མེད་གསལ་བོར་མ་བཤད།མུའུ་པཱ་ཡིས་གྲོང་ཁྱེར་སྡོད་དམངས་དང་ཉེན་རྟོག་པས་མཐུན་སྒྲིལ་བྱས་ཤིང་། དོགས་ཟོན་མཐོར་འདེགས་བྱས་ཏེ་རིགས་དེ་མཚུངས་ཀྱི་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱལ་ས་ཨ་པུའུ་ཅཱ་གྲོང་ཁྱེར་ཉེ་འདབས་སུ་ཡོད་པའི་ནེ་ཀྲི་རི་ཡཱའི་རླངས་འཁོར་ས་ཚིགས་ཀྱི་ཉེ་འདབས་ནས་ཚེས་གཅིག་ཉིན་གྱི་དགོང་མོར་འགས་གཏོར་དོན་རྐྱེན་བྱུང་། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འགས་གཏོར་མ་བྱུང་གོང་མི་ཞིག་གིས་རླངས་འཁོར་ཞིག་དོན་རྐྱེན་བྱུང་སའི་ཉེ་འདབས་སུ་བཞག་པ་དང་། རླངས་འཁོར་དང་ཁ་བྲལ་ནས་སྐར་མ་འགའི་རྗེས་སུ་འགས་གཏོར་བྱུང་བ་རེད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག